དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་ཉིན་རེའི་ཚཌ་པར་གྱི་རྩོམ་བསྡུའི་གསལ་བརྡ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-25

    ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན།ལོ་ལྔ་བཅུའི་རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་སྤྱི་ཚོགས་བྱ་གཞག་ཁག་ལ་རླབས་ཆེན་གྲུབ་འབྲས་ཐོབ་ནས།དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད།ད་ཆའི་བོད་དུ་སྲིད་དར་དམངས་མཐུན་དང་།ལས་རིགས་ཀུན་དར།དཔལ་འབྱོར་འཕེལ་རྒྱས།དུས་བབ་བརྟན་ལྷིང་།སྤྱི་ཚོགས་ཡར་ཐོན།མི་རིགས་མཐུན་སྒྲིལ།མཐའ་སྲུང་སྲ་བརྟན།མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས་བྱ་གཞག་ཁག་ལ་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་དགོས་པའི་རླབས་ཆེན་གྲུབ་འབྲས་ཐོབ་ཡོད་ཅིང་།ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མཆོད་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། 

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50་འཁོར་བར་རྟེན་འབྲེལ་ཞུ་བ་དང་།དུས་སྐབས་གསར་པའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་ལྕག་སྐུལ་བྱ་ཆེད། འདི་ག་རྩོམ་སྒྲིག་ཁང་གིས་ཀློག་པ་པོ་ཡོངས་ལ་ཕྱོགས་ནས“ང་ཚོས་གླུ་དབྱངས་མི་ལེན་ག་ལ་སྲིད། — བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་དྲན་གསོ་ཞུ”ཞེས་པའི་རྩོམ་བསྡུའི་བྱེད་སྒོ་སྤེལ་རྒྱུ་ཡིན།

    རྩོམ་རིག་རྩོམ་ཡིག་གི་རྩོམ་ལུས་གཙོ་བོ་ལྷུག་རྩོམ་དང་། སྙན་ངག གཞས་ཚིག་སོགས་ཡིན་དགོས་པ་དང་།གསར་འགྱུར་རྩོམ་ཡིག་གི་རྩོམ་ལུས་གཙོ་བོ་རྒྱས་འཕྲིན་ཡིན་དགོས། ནང་དོན་གཙོ་བོ་ལོ་ངོ་ལྔ་བཅུའི་རིང་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་མཚོན་པ་དང་།མི་རིགས་ཁག་གི་བུ་ཕྲུག་ཚོས་བོད་ལྗོངས་ལ་བཅངས་པའི་བརྩེ་སེམས་དང་འཚོ་བ་གསར་པར་བསྟོད་པའི་སེམས་པ་མཚོན་པ་ཡིན་དགོས་ཤིང་།གསར་འགྱུར་རྒྱས་འཕྲིན་དང་ལྷུག་རྩོམ་རིགས་སྤྱིར་ན་ཡིག་འབྲུ་800ནས་1000བར་ཡིན་དགོས་པ་དང་། སྙན་ངག་དང་གཞས་ཚིག་རིགས་ལ་ཡིག་འབྲུའི་ཚད་བཀག་མེད། ནང་དོན་དོན་དངོས་དང་མཐུན་པ་དང་། བརྩེ་དུང་གིས་ཕྱུག་པ། གཏམ་རྒྱུད་གསོན་ཉམས་ལྡན་པ་དང་། མི་སྣའི་གཟུགས་བརྙན་འབུར་དུ་ཐོན་པ་ཡིན་དགོས།

    རྩོམ་བསྡུའི་དུས་ཚོད་ནི་ཟླ་6པའི་ཚེས་30ཉིན་བར་ཡིན་པ་དང་།ཚགས་པར་ཐོག་བཀོད་པའི་རྩོམ་ཡིག་ལ་རིམ་པ་དབྱེ་ནས་རྩོམ་ཡོན་མཐོ་པོ་སྤྲོད་རྒྱུ་ཡིན།རྩོམ་ཡིག་བསྐུར་ཡུལ་ནི་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་རྟགས་36བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའུ་ཆེད་སྒྲིག་རྩོམ་སྒྲིག་ཁང་ཡིན་པ་དང་།རྩོམ་བསྡུའི་རྩོམ་ཡིག་ཡིན་ཕྱིན་རྩོམ་ཡིག་བསྐུར་སྐབས“ང་ཚོས་གླུ་དབྱངས་མི་ལེན་ག་ལ་སྲིད། ——བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་དྲན་གསོ་ཞུ”ཞེས་པའི་གསལ་བཤད་འགོད་དགོས། 

    གློག་རྡུལ་ཡིག་སྒམ། 495181279@qq.com

    སྦྲག་ཨང་། 850000

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།