ཉེ་ཆར། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས“ལྗོངས་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བསམ་བློ་དང་། ཆབ་སྲིད། རིགས་པའི་གཞུང་ལུགས་བཅས་སློབ་ཁྲིད་བྱེད་པའི་ཕུལ་བྱུང་དགེ་རྒན་དར་མ་དང་གཞོན་ནུ་ལེགས་འདེམས་བྱས་ནས་རོགས་སྐྱོར་བྱེད་པའི་འཆར་གཞིའི”ནང་འདེམས་ཐོན་བྱུང་བའི་དགེ་རྒན་དང་ཞིབ་འཇུག་བྱ་གཞིའི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་བོད་ལྗོངས་སློབ་ཆེན་གྱི་བསམ་བློ་དང་། ཆབ་སྲིད། རིགས་པའི་གཞུང་ལུགས་བཅས་ཀྱི་སློབ་ཁྲིད་པུའི་དགེ་རྒན་ཤུས་ཞའོ་ཧྲན་སོགས་ལྗོངས་ཡོངས་ཀྱི་དགེ་རྒན་7དང་དེ་བཞིན་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་བཙུགས་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་གསལ། “ལྗོངས་ཡོངས་ཀྱི་མཐོ་སློབ་ཀྱི་བསམ་བློ་དང་། ཆབ་སྲིད། རིགས་པའི་གཞུང་ལུགས་བཅས་ཀྱི་ཕུལ་བྱུང་དགེ་རྒན་དར་མ་དང་གཞོན་ནུ་ལེགས་འདེམས་ཀྱིས་རོགས་སྐྱོར་བྱེད་པའི་འཆར་གཞི”ནི་རང་ལྗོངས་ཀྱིས་མཐོ་སློབ་ཀྱི་བསམ་བློ་དང་། ཆབ་སྲིད། རིགས་པའི་གཞུང་ལུགས་བཅས་ཀྱི་སློབ་ཚན་ཁྲིད་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་བའི་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་རེད། འདེམས་ཐོན་བྱུང་བའི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཤུས་ཞའོ་ཧྲན་གྱིས་ངེས་པར་དུ་གོ་སྐབས་དེ་བེད་སྤྱོད་གང་ལེགས་བྱས་ནས་རྣམ་གྲངས་བཙུགས་པའི་ཞིབ་འཇུག་བྱ་གཞི《བོད་ཀྱི་མཐོ་སློབ་ཀྱི་བསམ་བློ་དང་། ཆབ་སྲིད། རིགས་པའི་གཞུང་ལུགས་བཅས་སློབ་ཁྲིད་ཀྱི་སྐད་ཆའི་མ་ལག་གསར་གཏོད་ཞིབ་འཇུག》དེ་ལེགས་སྒྲུབ་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།