དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཁྱེད་ལ་ཤ་སྐམ་དུ་འགྲོ་བའི་ཐབས་མཆོག་དྲུག་སློབ་རྒྱུ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-20

    ལུས་པོ་རྒྱགས་པ་ཆག་པ་དེ་བཟའ་བཏུང་དང་ཐད་ཀར་འབྲེལ་བ་ཡོད་པར་བརྟེན་ཤ་སྐམ་པོ་ཆག་འདོད་ཆེན་པོ་ཡོད་ན་བཟའ་བཏུང་ལ་ཡིད་གཟབ་ཆེན་པོ་བྱེད་དགོས། བཟའ་རྒྱུ་ཚད་རན་པོ་བྱེད་པ་དང་བདེ་ཐང་ཡོང་བ་བྱེད་པ་ནི་ཤ་སྐམ་དུ་འགྲོ་བར་བྱེད་པའི་གནད་འགག་དེ་ཡིན་པས་ཤ་སྐམ་པོར་འགྲོ་འདོད་མཁན་ཚོས་རང་ཉིད་ཀྱི་ལྟོ་བཟའ་བའི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་སྟེ།

    1. ཉིན་རེའི་བཟའ་བཅའི་ཚ་ཚད་བགོ་བཤའ་སྙོམས་པོ་རྒྱག་དགོས། ཉིན་རེར་ལྟོ་ཐེངས་གསུམ་བཟའ་བ་ཕུད་ད་དུང་ལྟོ་བཟའ་རིང་ཁ་ཏོག་ཙག་ཙིག་བཟའ་མཁན་དེ་ལྟོ་བཟས་མེད་པའི་མི་དང་བསྡུར་ན་མཁྲིས་རྒྱུའི་གཤེར་རྩིའི་ཚད་བསྡུ་ལེན་བྱེད་ཚད་ཧ་ཅང་དམའ་པོ་ཡིན། བཟའ་བཏུང་བྱེད་ཚད་མང་དུ་བཏང་ན་གཤེར་མའི་ཕུང་རྩིའི་ཚད་བརྟན་དུ་འགྲོ་ཐུབ་པ་དང་དེ་ལྟར་བྱུང་ན་ལུས་པོའི་ནང་ཟས་འཇུ་སྐབས་མཁྲིས་རྒྱུའི་གཤེར་རྩི་ཐོན་ཉུང་དུ་འགྲོ་ཐུབ། ཡིན་ནའང་གནད་འགག་ཆེ་ཤོས་ཤིག་ནི་བཟའ་བཅའ་ཚོད་འཛིན་བྱས་ནས་བཟའ་བཅའི་ཚད་མཐོ་རུ་གཏོང་རྒྱུ་མེད་པ་དང་དེ་ཡང་ཉིན་ལྟར་བཟས་པའི་བཟའ་བཅའ་དེ་དོ་སྙོམས་པའི་དུས་ཚོད་ནང་བཟའ་རྒྱུ་བགོ་བཤའ་རྒྱག་དགོས་པ་དེ་ཡིན།

    2. འཇུ་དཀའ་བའི་བཟའ་བཅའ་བཟའ་རྒྱུ་མེད། གལ་སྲིད་ཁྱེད་ཀྱིས་སྦྱོང་བརྡར་བྱེད་རིང་ནུས་ཚད་མཁོ་འདོན་བྱེད་པའམ་ཡང་ན་ལས་ཀ་བྱེད་སྐབས་ཉོབ་དྭངས་སེལ་བའི་བཟའ་བཅའ་འཚོལ་དགོས་བསམ་ན་ཕིང་རྩམ་གྱི་རིགས་དང་དེ་བཞིན་ཚི་སྣའི་རྒྱུ་དམའ་བའི་བཟའ་བཅའ་བཟའ་རྒྱུ་མེད། ནུས་ཚད་རྒྱུན་ཆད་མེད་པར་མཁོ་འདོན་བྱ་ཆེད་སྤྲི་དཀར་དང་། ཐཱན་ཆུ་མཉམ་བསྲེས་ཀྱི་དངོས་པོ། ཞག་ཚི་ལས་གྲུབ་པའི་མཉམ་འདྲེས་ཀྱི་བཟའ་བཏུང་གི་གྲུབ་ཆ་གཙོ་བོར་བྱེད་དགོས། གང་ལགས་ཤེ་ན། གྲུབ་ཆ་དེ་རིགས་ཀྱི་བཟའ་བཏུང་དེ་འཇུ་ལམ་ནང་སྡོད་པའི་དུས་ཚོད་རིང་ཙམ་ཡོད་པར་བརྟེན་མགྱོགས་པོ་ལྟོགས་ཀྱི་མེད་པས་ཡིན།

    3. བཟའ་བཅའ་འདེམས་སྐབས་ཡིད་གཟབ་བྱེད་དགོས། གནོད་མེད་ཀྱི་བཟའ་བཅའ་ཡིན་ནའང་ཁྱེད་ཀྱི་ལུས་པོའི་ལྗིད་ཚད་མཐོ་རུ་འགྲོ་སྲིད་པར་བརྟེན་ཟས་རིགས་ཉོ་སྐབས་དེའི་གྲུབ་ཆར་ཡིད་གཟབ་བྱས་ནས་ལྟ་དགོས་པ་མ་ཟད་བསྡུར་བ་བྱས་རྗེས་མི་འཕྱུག་པའི་གདམ་ག་བྱེད་དགོས།

    4. གཤེར་མའི་ཕུང་རྩི་བསྡུ་ལེན་བྱེད་ཚད་མང་དུ་གཏོང་དགོས། རྒྱུན་ལྡན་གྱི་བཟའ་བཏུང་ནང་གཤེར་མའི་ཕུང་རྩི་བསྡུ་ལེན་བྱེད་ཚད་མང་དུ་གཏོང་རྒྱུ་ནི་བཟའ་སྡོད་དང་ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་པའི་ཐབས་ཕྱོགས་ཤིག་ཡིན། དོན་དམ་དུ་ང་ཚོ་མི་མང་ཆེ་བས་ཉིན་ལྟར་གཤེར་མའི་ཕུང་རྩི (ཉིན་རེར་ཉུང་མཐར་ཡང་ཧའོ་ཁེ་25བསྡུ་ལེན་བྱེད་དགོས་པ )ཧའོ་ཁེ་15བསྡུ་ལེན་བྱེད་ཆོག་གི་ཡོད་པར་བརྟེན་ཤ་སྐམ་དུ་འགྲོ་དགོས་ན་གཤེར་མའི་ཕུང་རྩི་བསྡུ་ལེན་བྱེད་ཚད་མཐོ་རུ་གཏོང་དགོས་པ་དེའི་ཐབས་ཤེས་ཧ་ཅང་སྟབས་བདེ་ཡིན་པ་དང་དེ་ནི་ཤིང་འབྲས་དང་། སྔོ་ཚལ། འབྲས་རྔོས། ཤུན་མཁྲེགས་ཤིང་ཏོག འབྲུ་རིགས་སྣ་ལྔ་དང་འབྲུ་རིགས་དཀྱུས་མ་སོགས་མང་ཙམ་བཟའ་རྒྱུ་དེ་ཡིན།

    5. དཀར་བཟས་མང་ཙམ་བཟའ་དགོས། ཉིན་རེར་ཞོ་ཐེངས་གསུམ་འཐུང་མཁན་གྱིས་ཞོ་ཉུང་ཙམ་འཐུང་མཁན་དང་བསྡུར་ན་གཟའ་འཁོར་12རྗེས་སུ་ཁོང་ཚོའི་ལུས་པོའི་ལྗིད་ཚད་32%ཆག་པ་དང་ཞག་ཚི་61%ཆག་གི་ཡོད། གང་ལགས་ཤེ་ན། ཞོའི་ནང་གི་འཚོ་བཅུད་ཀའེ་དང་དེ་བཞིན་གྲུབ་ཆ་གཞན་དག་གིས་ཞག་ཚི་བཞུར་རྒྱུའི་སྐྱུར་རྩིའི་རིགས་ཀྱི་གྲངས་མཐོ་རུ་འགྲོ་བས་ཡིན། དེ་ན་དཀར་བཟས་དཔེར་ན་ཞག་ཚི་ཉུང་བའི་ཞོ་དང་ཞག་ཚི་མེད་པའི་འོ་མ་སོགས་ནི་ཤ་སྐམ་དུ་འགྲོ་ཆེད་ཀྱི་བཟའ་བཅའ་ཡག་ཤོས་ཡིན།

    6. ཚ་ཚད་དམའ་བའི་བཟའ་བཅའ་གཙོ་བོར་བྱས་ནས་བཟའ་དགོས། ཚ་ཚད་མཐོ་བའི་སྲེག་པའི་བཟའ་བཅའ་དེ་དག་ཚ་ཚད་དམའ་བའི་བཟའ་བཅའ་དང་བརྗེ་པོ་བརྒྱབ་ན་ཁྱེད་ཀྱིས་མང་ཙམ་བཟའ་ཆོག་པ་མ་ཟད། ཕོ་བའི་ནང་བཟའ་བཅའ་དེ་དག་མགྱོགས་པོ་ཟས་མི་འགྲོ་བར་ཁྱེད་ལ་གྲོད་པ་རྒྱགས་པའི་འཚོར་བ་ཡོང་གི་ཡོད། དེས་ན་ཤ་སྐམ་དགོས་བསམ་ན་ཆུ་དང་གཤེར་མའི་ཕུང་རྩི་མང་ཙམ་ལྡན་པའི་བཟའ་བཅའ་བཟའ་དགོས་པ་དཔེར་ན། ཚ་ལུ་མ་དང་། ལི། ཚལ་སྣ་སྣ་ཚོགས་བསྲེས་པའི་སྦྱོར་རྟ་སོགས་ཡིན། གཞན་ཡང་ཚལ་སྣ་སྣ་ཚོགས་བསྲེས་པའི་སྦྱོར་རྟ་བྱེད་སྐབས་ཤའི་ཁུ་བ་བླུགས་ན་ཞིམ་པོ་ཡོད་ལ་བྲོ་བ་མི་འདྲ་བ་ཞིག་ཡོང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།