དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • འཕྱོངས་རྒྱས་རྫོང་དུ་2015ལོའི“ཀྲུང་གོའི་སྐོར་སྐྱོད་ཚན་རྩལ་འགྲེམས་སྟོན་ཁང”སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-20

    ཉེ་ཆར་ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་ནོར་སྲིད་པུས་མཉམ་དུ་ཇུས་འགོད་བྱས་པའི་2015ལོའི“ཀྲུང་གོའི་སྐོར་སྐྱོད་ཚན་རྩལ་འགྲེམས་སྟོན་ཁང”སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་འཕྱོངས་རྒྱས་རྫོང་དུ་དངོས་སུ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚན་རྩལ་འགྲེམས་སྟོན་གྱིས“ཚན་རིག་ཉམས་ལེན”ཞེས་བརྗོད་དོན་གཙོ་བོར་བྱས་ནས་ཐད་ཀར་ལྟ་སྐོར་དང་། ས་གནས་ས་ཐོག་ཏུ་སྤེལ་རེས། ཚན་རིག་ལག་ལེན་ཉམས་ལེན། ཚན་རིག་ཁྱབ་གདལ་གྱི་གློག་བརྙན་དང་བརྙན་འཕྲིན་ལྟ་བ་སོགས་ཀྱི་བྱ་ཐབས་སྤེལ་ཡོད་པ་རེད། ད་ཐེངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོའི་དེ་འཕྱོངས་རྒྱས་རྫོང་དུ་ཟླ་5ཚེས་30ཉིན་བར་སྤེལ་རྒྱུ་དང་ལས་བྱེད་པ་དང་མང་ཚོགས་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བཅས་ཀྱིས་བར་ཐག་ཉེ་པོའི་ཐོག་ནས་ཚན་རྩལ་གྱི་ཐུན་མིན་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།