དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ ཚན་རྩལ་གསར་གཏོད་ཀྱིས་ཁེ་ལས་གོང་འཕེལ་གཏོང་རྒྱུར་སྣེ་ཁྲིད་བྱེད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-20

    འཁན་པ་དཀར་པོའི་ཤོག་རློན་བཟོ་ཁང་དུ་སྐྱོད་སྐབས་འཁོར་རྒྱུག་བྱེད་པའི་འཕྲུལ་འཁོར་གྱིས་ཤོག་རློན་དེ་དག་ཚད་གཞི་རན་པོས་གཏུབ་པ་དང་དུག་སེལ་དང་ཐུམ་སྒྲིལ་བརྒྱབ་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཤོག་རློན་ཐོན་སྐྱེད་བྱེད་ཀྱི་ཡོད།

    འཁན་པ་དཀར་པོའི་ཤོག་རློན་དང་རིགས་གཅིག་པའི་ཐོན་རྫས་དབར་ཧ་ལམ་ཁྱད་པར་དེ་ཙམ་ཆེན་པོ་མེད་པ་མཐོང་ནའང་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཤོག་བུ་དེ་རིགས་ལ་ས་མཐོའི་ཐུན་མོང་མ་ཡིན་པའི་འཁན་པ་དཀར་པོ་རྩི་ཤིང་གིས་རྒྱུ་ཆ་བྱས་ཏེ་མི་ཐབས་ལ་བརྟེན་ནས་འདེབས་གསོ་དང་འཚོལ་བསྡུ་བྱས་པས་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་གཏོང་ཉུང་དུ་ཕྱིན་པ་མ་ཟད་ཐོན་རྫས་ཀྱི་སྤུས་ཀ་ཡང་འགན་ལེན་བྱས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཚན་རྩལ་གྱི་གཏོང་ཆ་ཇེ་ཆེར་བཏང་སྟེ་ཁྲོམ་ར་དང་འཚམ་པའི་ཚན་རིག་ཞིབ་འཇུག་གི་མ་ལག་བཙུགས་པས་ཚན་རྩལ་གྱིས་རྩ་བའི་སྒུལ་ཤུགས་སུ་བྱས་པའི་ཁེ་ལས་འབོར་ཆེན་ཞིག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་ནས་རང་ལྗོངས་ཁེ་ལས་ཀྱི་ཁྱོན་ཡོངས་ཀྱི་ཕན་འབྲས་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད།

    མི་རིགས་ཀྱི་སྨན་རྫས་རྒྱུན་འཛིན་དར་སྤེལ་གཏོང་ཆེད་རང་ལྗོངས་ཀྱི་སྐད་གྲགས་ལྡན་པའི་བོད་སྨན་ཁེ་ལས་ཆེས་བྲིན་བོད་སྨན་གྱིས་སྣེའུ་ཁུལ་གསར་དུ་སྨི་ངོས་གྲུ་ཁྲི་ཡན་གྱི་ཚན་རིག་ཞིབ་འཇུག་རྟེན་གཞི་བཙུགས་ཏེ་ཁེ་ལས་ཀྱི་ཚན་ཞིབ་དང་རྣམ་གྲངས་གསར་གཏོད་བྱེད་ཡུལ་དུ་སྤྱད་ཡོད། “ང་ཚོའི་ཁེ་ལས་ཀྱི་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་སྨན་སྣ་ཁ་49ཡོད་པའི་ནང་གཟེར་འཇོམས་སྦྱར་སྨན་ནི་ཆེད་མངགས་བོད་སྨན་གྱི་སྨན་སྦྱོར་བྱས་པ་ཞིག་ཡིན་པས་མིག་སྔར་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་ཡོད”ཅེས་བོད་ལྗོངས་བོད་སྨན་ཆེས་བྲིན་མ་རྐང་ཚད་ཡོད་ཀུང་སིའི་ལྟ་ཞིབ་པ་སྤེན་པ་ཚེ་རིང་གིས་སྤོབས་ཉམས་ལྡན་པའི་ངང་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་རང་ལྗོངས་སུ་མཐོ་གསར་ལག་རྩལ་ཁེ་ལས་27ཙམ་ཡོད་པ་དང་འབྲེལ་ལྷ་ས་དང་གཞིས་རྩེ་སོགས་སུ་ཚན་རྩལ་ལྡུམ་ཁུལ་དང་ཁྱད་ལྡན་ཐོན་ལས་ལྡུམ་ཁུལ་ཁག་གཅིག་བཙུགས་ཡོད། གཞན་ཡང་རང་ལྗོངས་ཀྱི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གར་སྟེགས་བཟང་པོ་ཡོང་ཆེད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཅུང་འཐུས་ཚང་གི་རྒྱབ་སྐྱོར་ལམ་ལུགས་བཙུགས་པ་དང་དུས་མཚུངས་ད་དུང་ཁེ་ལས་གཙོ་བོར་བྱེད་པ་དང་ཁྲོམ་རར་ཕྱོགས་པའི་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་གྱི་ལག་རྩལ་གསར་གཏོད་མ་ལག་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།