དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཉི་མའི་འོག་སྡོད་ཡུན་རིང་ན་མིག་ནད་ཕོག་སླ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-20

    རྒྱུན་དུ་ཉི་འོད་དྲག་པོའི་འོག་སྡོད་ཡུན་རིང་ན་ངོ་ལྤགས་ལ་ཕོག་ཐུག་ཆེན་པོ་བཟོ་བ་ཕུད་མཐོང་ཚོར་དྲ་སྐྱིར་རྨས་སྐྱོན་བཟོ་ཞིང་། དེས་མིག་རྩ་ནས་ཁྲག་དོན་པ་དང་མིག་གི་ནད་གཞི་གཞན་སློང་རྐྱེན་བྱས་ནས་མཐར་མིག་ཤེད་རིམ་བཞིན་ཉམས་འགྲོ་གི་ཡོད། དེར་བརྟེན་ལོ་ཆུང་དུས་ནས་བཟུང་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་དང་རང་གིས་རང་ལ་གཅེས་སྐྱོང་ཤེས་པ་བྱས་ན་ལོ་མཐོ་རུ་འགྲོ་སྐབས་མིག་ཤེད་ཉམས་པའི་སྣང་ཚུལ་མི་ཐོན་པ་དང་དེ་མིན་གྱི་ནད་གཞི་གཞན་སྔོན་འགོག་བྱེད་ཐུབ། གཞན་ཡང་དར་མ་དང་གཞོན་ནུའི་ཁྲོད་མིག་ཆུ་བར་མེད་ཐོན་མཁན་མི་ཉུང་བ་ཞིག་ཡོད་པ་དེ་དག་ལོ་ཆུང་དུས་ནས་ཉི་འོད་དྲག་པོའི་འོག་རྒྱུན་རིང་ལུས་པའི་རྐྱེན་ཡིན་ཙ་ན་ཉི་འོད་དྲག་པོའི་འོག་ལས་ཀ་དང་འགྲོ་འོང་སོགས་བྱེད་སྐབས་ངེས་པར་དུ་འོད་འགོག་མིག་ཤེལ་རྒྱག་དགོས་པ་དང་ཡང་ན་རྩྭ་ཞྭའམ་རྒྱ་གར་ཞྭ་མོ་སོགས་གྱོན་ནས་མིག་ལ་ཉི་འོད་ཐད་ཀར་མི་ཕོག་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།