དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་མི་ཐེངས་7000ལྷག་ཙམ་ལ་སྨན་བཅོས་ཞབས་ཞུ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-19

     གསར་འགོད་པས་བོད་རང་སྐྱོང་ལྗོངས“4·25”ས་ཡོམ་གྱི་ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རིམ་རྩིས་ལྟར་ན། མིག་སྔའི་བར་བོད་ཀྱི་རིམ་ཁག་སྨན་བཅོས་སྒྲིག་གཞིས་གེགས་ཁུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་མི་ཐེངས་7000ལྷག་ཙམ་ལ་སྨན་བཅོས་ཞབས་ཞུ་བྱས་པ་དང་། སྨན་ཁང་དུ་རྨས་མ་96དང་ལེན་བྱས་པ་དང་རྨས་མ་62དྲག་སྐྱེད་བྱུང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཁྱོན་ཡོངས་ནས་སྨན་བཅོས་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་གེགས་ཁུལ་དུ་བཅའ་སྡོད་བྱེད་མཁན་རིམ་ཁག་སྨན་བཅོས་སྒྲིག་གཞིས་མང་ཚོགས་མི་ཐེངས་ཁྲི་1.81ལ་ནད་བརྟག་སྨན་བཅོས་བྱས་པ་དང་རིན་གོང་སྒོར་ཁྲི་179རི་བའི་སྨན་སྣ་ཚོགས་སྤྲད་པ་མ་ཟད། ད་དུང་གནོད་འཚེ་ཕོག་པའི་མང་ཚོགས་མི་ཐེངས་ཁྲི་7.3ལ་སེམས་གསོ་གཏོང་རོགས་བྱས་ཡོད་པ་རེད། དེ་བཞིན་བཀོད་སྒྲིག་བྱ་ཡུལ་ཡོངས་ལ་ཁོར་ཡུག་དུག་སེལ་བྱས་པ་དང་དུག་སེལ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་635ཟིན་པའི་ཁར་བཀོད་སྒྲིག་བྱ་ཡུལ་གྱི་འཐུང་ཆུར་ཞིབ་དཔྱད་བྱས་པ་རེད། རང་སྐྱོང་ལྗོངས་རྒྱལ་ཁབ་ཐོལ་བྱུང་འགོས་ནད་སྔོན་འགོག་རུ་ཁག་གིས་སྐྱིད་གྲོང་གྲོང་རྡལ་དུ་མི་ཐེངས་1656ལ་འགོས་ནད་ཀྱི་རིམས་ནད་སྔོན་འགོག་ཁབ་བརྒྱབ་ཡོད་པ་རེད། གེགས་ཁུལ་གྱི་འཕྲོད་བསྟེན་རིམས་ནད་སྔོན་འགོག་ལས་དོན་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྤེལ་ཆེད། གཞིས་རྩེ་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་རྒྱལ་ཁབ་འཕྲོད་བསྟེན་རིམས་ནད་སྔོན་འགོག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བཟོས་པའི《གེགས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་འགན་ལེན་གྱི་ལག་རྩལ་ཇུས་གཞི》དང《གེགས་ཁུལ་གྱི་འཚོ་བའི་འཐུང་ཆུའི་བདེ་འཇགས་འགན་ལེན་ལག་རྩལ་ཇུས་གཞི》 《གེགས་ཁུལ་གྱི་མི་སྣར་རིམས་ནད་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུའི་ཇུས་གཞིའི་ཞིབ་བསྡུར་གནད་བསྡུས》སོགས་འབྲེལ་ཡོད་ཡིག་ཆ་ཕྱོགས་བསྒྲིགས་གེགས་ཁུལ་དུ་འགྲེམས་སྤེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།