དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་ས་གྲོང་ཁྱེར་ཀུན་བདེ་གླིང་དོན་གཅོད་ཁང་བརྒྱད་གཅིག་སྡེ་ཁུལ་གྲོང་ལྷན་གྱིས་བདེ་ཐང་སློབ་གསོའི་སློབ་ཚན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-18

    གསར་འགོད་པས་ལྷ་ས་གྲོང་ཁྱེར་ཀུན་བདེ་གླིང་དོན་གཅོད་ཁང་བརྒྱད་གཅིག་སྡེ་ཁུལ་གྲོང་ལྷན་ནས་ཤེས་རྟོགས་བྱུང་བར། རང་སྡེ་ཁུལ་མང་ཚོགས་ལ་སེམས་ཁུར་དང་རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་དང་ནད་འགོག་འདུ་ཤེས་མཐོ་རུ་གཏོང་ཆེད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་སྨན་པ་དབང་རྒྱལ་གྱིས་བརྒྱད་གཅིག་སྡེ་ཁུལ་གྲོང་ལྷན་ལ་དུས་རབས་21ནི་བདེ་ཐང་གཙོ་བོར་བྱེད་པའི་དུས་རབས་ཤིག་ཡིན་ཅེས་པའི་བདེ་ཐང་ཤེས་བྱའི་སློབ་ཚན་འཁྲིད་ཡོད་པ་རེད།

    ཤེས་རྟོགས་བྱུང་གསལ། ཐེངས་འདིའི་སློབ་ཁྲིད་ནང་བརྒྱད་གཅིག་སྡེ་ཁུལ་གྲོང་ལྷན་གྱི་ལས་དོན་མི་སྣ་དང་སྡེ་ཁུལ་གྱི་མང་ཚོགས་ཁྱོན་མི་སྣ་90ཞུགས་ཡོད་པ་རེད། སློབ་ཚན་ནང་དོན་ཐད་གཙོ་བོ་ནི་དུས་རྒྱུན་གྱི་འཚོ་བའི་ནང་གི་གཟུགས་གཞིའི་བདེ་ཐང་གི་ཤེས་བྱ་ཡིན་པ་དང་ཐེངས་འདིའི་བདེ་ཐང་ཤེས་བྱའི་སློབ་ཚན་ལ་སྡེ་ཁུལ་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།