དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ སྒོ་ང་ཚོས་རྗེས་ཆུ་གྲང་མོའི་ནང་གྲང་སངས་གཏོང་རྒྱུ་མེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-15

    རྒྱུན་གཏན་འཚོ་བའི་ནང་དུ་མི་མང་པོ་ཞིག་གིས་སྒོ་ང་བཙོས་ནས་ཡར་བཏོན་ཏེ་ཆུ་གྲང་མོའི་ནང་གྲང་སངས་གཏོང་སྲོལ་ཡོད། བྱེད་སྟངས་དེ་ནི་ཚན་རིག་དང་མི་མཐུན་པ་ཞིག་ཡིན་ཞིང་། གང་ཡིན་ཟེར་ན། སྒོ་ངའི་སྒོང་ལྤགས་ཀྱི་ནང་ངོས་སུ་འགོག་སྲུང་སྐྱི་མོ་ཞིག་ཡོད་ཀྱང་། སྒོ་ང་ཚོས་རྗེས་སྐྱི་མོ་དེའང་རང་བཞིན་གྱིས་ཡལ་འགྲོ་བས། སྒོ་ང་བཙོས་མ་ཆུའི་ནང་གྲང་སངས་གཏོང་སྐབས་སྒོ་ང་ཧྲེང་འཁུམས་ཆགས་པ་དང་ལྷན་དུ་སྒོང་ལྤགས་བརྒྱུད་ཆུའི་ནང་གི་སྐྱེ་དངོས་ཕྲ་མོ་དང་འབུ་ཕྲ། ནད་དུག་བཅས་སྒོ་ངའི་ནང་དུ་འཇབ་འཛུལ་བྱེད་སླ་པོ་ཡོད། དེར་བརྟེན་སྒོ་ང་ཚོས་རྗེས་ཆུའི་ནང་ནས་་བཏོན་ཏེ་ཏོག་ཙམ་གྲང་སངས་གཏོང་དགོས་པ་དང་ཡང་ན་སྒོ་ང་བཙོ་ཆུའི་ནང་དུ་བཟའ་ཚྭ་ཏོག་ཙམ་བརྒྱབ་ན་སྒོ་ང་ཚོས་རྗེས་པགས་པ་བཤུ་སླ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།