དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ ས་ཞིང་སྲུང་སྐྱོབ་བྱེད་སྐབས་འབྲེལ་བ་གཉིས་ཐག་གཅོད་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-13

    གཅིག་ནི་ས་ཞིང་གི་རྒྱ་ཁྱོན་སྲུང་སྐྱོབ་དང་ས་ཞིང་གི་སྤུས་ཚད་ཡག་ཏུ་གཏོང་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་དགོས། ས་ཞིང་གི་རྒྱ་ཁྱོན་སྲུང་སྐྱོབ་བྱ་རྒྱུ་ནི་ས་ཞིང་སྲུང་སྐྱོབ་བྱེད་པའི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པས་ངེས་པར་དུ་ད་ཡོད་ཀྱི་གཞི་རྩའི་ས་ཞིང་སྲུང་སྐྱོབ་བྱ་རྒྱུ་དེ་གཞི་འཛིན་སར་བྱས་ནས་ས་ཞིང་གི་སྤུས་ཚད་ཡག་ཏུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས། གཉིས་ནི་ས་ཞིང་གསར་སྤེལ་བྱ་རྒྱུ་དང་རང་བྱུང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་གཉིས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། ས་ཞིང་སྲུང་སྐྱོབ་བྱ་རྒྱུ་དེ་ལ་ཡང་བེད་སྤྱོད་ལུགས་མཐུན་བྱེད་པའི་གནད་དོན་ཞིག་ཡོད་པས་གསར་སྦོལ་ཚད་ལས་བརྒལ་བའི་ས་ཞིང་རྣམས་འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པའི་སྒོ་ནས་ཤིང་འཛུགས་ནགས་བཟོ་དང་རྩྭ་ཐང་འཛུགས་སྐྲུན་བྱས་ཏེ་རང་བྱུང་ཁོར་ཡུག་ལེགས་བཅོས་ཀྱིས་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་གོང་མཐོར་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།