དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཡི་གེ་རྒྱུ་གང་ལས་བྱུང་བ་ཡིན།

  • ཡོང་ཁུངས།  མཚོ་སྔོན་པོ་དྲ་བ།   |     སྤེལ་དུས།  2015-05-12

    གནས་དང་བྱེད་པ་དང་རླུང་དང་རྣམ་པར་རྟོག་པའམ་རྣམ་པར་ཤེས་པ་བཞི་ལས་བྱུང་།

    1 གནས་ནི་ཡི་གེ་སོ་སོའི་ང་རོ་འབྱུང་སའི་གནས་སོ་སོ་སྟེ།  དྲིལ་བུའི་ཁོག་པ་ལྟ་བུ།  གནས་བརྒྱད་དེ།  ཁོག་པ་དང་མགྲིན་པ།  རྐན།  ལྕེ།  སྣ།  སྤྱི་བོ།  སོ།  མཆུ་བཅས་སོ།

    2   བྱེད་པ་ནི་ང་རོ་སྐྱེ་བར་བྱེད་པའི་རྩ་བའི་འགུལ་ཤུགས་ཏེ།  དྲིལ་བུའི་ལྕེ་ལྟ་བུ།   བྱེད་པ་དྲུག་སྟེ།   ཕྲད་པ་དང་ཅུང་ཟད་ཕྲད་པ།  བཙུམ་པ།  ཕྱེ་བ།  དོག་པ།  ཡངས་པ་བཅས་སོ།

    3   རླུང་ནི་སྐྱོད་པར་བྱེད་པའི་རྒྱུ་སྟེ།  དྲིལ་བུ་སྐྱོད་པའི་ལག་པ་ལྟ་བུ།

    4   རྣམ་རྟོག་ནི་སྐུལ་བར་བྱེད་པའི་རྩ་བའི་རྒྱུའམ་བརྗོད་འདོད་ཀྱི་བློ་སྟེ།  དྲིལ་བུ་འཁྲོལ་བར་བྱེད་པའི་སྐྱེས་བུ་ལྟ་བུ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།