དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ རང་རྒྱལ་དུ་ཕྱིར་ལོག་གཏན་སྡོད་བྱེད་མཁན་བོད་རིགས་སྤུན་ཟླར་རིན་མེད་འོས་འགན་སྨན་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-12

    ཉེ་ཆར། རང་སྐྱོང་ལྗོངས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་དང་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་སྒྲོལ་མ་སྨན་ཁང་དང་མཉམ་འབྲེལ་ཐོག་ལྷ་ས་གྲོང་ཁྱེར་དུ་གཏན་སྡོད་བྱེད་མཁན་བོད་རིགས་སྤུན་ཟླར་རིན་པ་མི་དགོས་པར་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཏེ་ཁོང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོའི་ནང་ཁྱོན་བསྡོམས་ཕྱིར་ལོག་བྱས་པའི་བོད་རིགས་སྤུན་ཟླ་25ལ་རྒྱུན་གཏན་ཞིབ་བཤེར་དང་མཇིང་རུས་དང་སྐེད་ཚིགས་ཁབ་བཙའི་སྨན་བཅོས་ཚུད་པའི་ཞིབ་བཤེར་དང་སྨན་བཅོས་ཁག་20ལྷག་ཙམ་བྱས་པ་དེ་དག་གི་འགྲོ་སོང་ཚང་མ་སྒྲོལ་མ་སྨན་ཁང་གིས་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།