དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་རུལ་རྒོལ་གཙང་སྤེལ་ཤེས་བྱ་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-12

    ཉེ་ཆར། མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ནས《ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་གཏོང་དགོས》ཞེས་པའི་འཆད་ཁྲིད་བྱས་པ་རེད། འཆད་ཁྲིད་ནང་རུལ་རྒོལ་གཙང་སྤེལ་གཙོ་རྐང་དུ་བྱས་པ་དང་ལྡོག་ཕྱོགས་ཀྱི་ཉེན་བརྡ་གཏོང་བའི་དཔྱད་གཞི་སྤྱད་དེ་གསོན་ཉམས་དོད་ལ་ཞིབ་ཚགས་པའི་སྒོ་ནས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་བཤད་ཡོད།

    ད་རེས་རུལ་རྒོལ་གཙང་སྤེལ་གྱི་འཆད་ཁྲིད་བྱས་པ་བརྒྱུད་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གི་མི་རིགས་ཁག་གི་འབྲིང་རིམ་ལས་བྱེད་པའི་བསམ་བློ་སྦྱོང་བརྡར་ཐུབ་པ་དང་། བློ་སྒོ་གཏིང་ཟབ་ཕྱེ་བ་དང་རྨོངས་གཉིད་ལས་སད་པ། རུལ་རྒོལ་གཙང་སྤེལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ། སྒྲིག་བཀུར་ཁྲིམས་སྲུང་དང་སྤྱོད་གཙང་སྲིད་སྐྱོང་གི་རང་རྟོགས་རང་བཞིན་ཆེ་རུ་ཕྱིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།