དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རིག་མཁས་ཅན་ལ་བྱ་རིགས་གསར་པ“སི་ཁྲོན་གྱི་གཤོག་ཐུང་བྱ་དབྱིང”རྙེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-11

    ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ལོ་མང་རིང་བརྟག་ཞིབ་བྱས་པ་བརྒྱུད་ཁོང་ཚོར་རང་རྒྱལ་གྱི་བྱ་རིགས་གསར་པ་སི་ཁྲོན་གྱི་གཤོག་ཐུང་བྱ་དབྱིང་རྙེད་པ་རེད། དེ་ནི་འདས་གྲོངས་སོང་བའི་རང་རྒྱལ་གྱི་བྱ་རིགས་རིག་པའི་མཁས་པ་ཀྲེན་ཙུའོ་ཤིན་གྱིས་རུས་མིང་བཏགས་པ་དང་ཀྲུང་གོར་མ་གཏོགས་མེད་པའི་བྱ་རིགས་ལ་ཀྲུང་གོའི་ཚན་རིག་མཁས་ཅན་གྱི་རུས་མིང་བཏགས་པ་ཐོག་མ་ཡིན་པ་རེད།

    འབྲེལ་ཡོད་གྲུབ་འབྲས་ཟླ་5ཚེས་1ཉིན་པར་སྐྲུན་བྱས་པའི《འདབ་ཆགས་རིག་པའི་ཞིབ་འཇུག》ཐོག་བཀོད་པ་དང་དུས་དེབ་དེ་པེ་ཅིང་ནགས་ལས་སློབ་ཆེན་དང་ཀྲུང་གོ་སྲོག་ཆགས་རིག་གཞུང་སློབ་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་འདབ་ཆགས་རིག་པའི་དབྱིན་ཡིག་རིག་གཞུང་གི་དུས་དེབ་ཅིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།