ཕག་པ་དང་གླང་ལུག་སོགས་ཟས་ཀྱི་འཇུ་བྱེད་ལེགས་པོ་ཡོད་ཚེ་ཟས་མང་པོ་ཟ་ཐུབ་ནས་ཤ་ཤེད་རྒྱས་མགྱོགས་པོ་ཡོད། ཕྱུགས་ཟོག་དེ་དག་ཀྱང་མི་དང་འདྲ་བར་གཟན་ཆག་གི་བྲོ་བར་དམིགས་བསལ་གྱི་དགའ་ཕྱོགས་ཡོད་པ་སྟེ།
ཕག་པ་རྣམས་རོ་མངར་བ་དང་། ཁ་བ། དམར་དྲི་ཡོད་པའི་ཟས་རིགས་ལ་དགའ་པོ་ཡོད་པས་གསོ་ཚགས་བྱེད་སྐབས་ཕག་ལྟོའི་ནང་ཞོག་ཁོག་མངར་མོ་དང་ནན་ཀྭ། སྔོ་ཚལ་གྱི་ལོ་མ། རི་སྐྱེས་སྔོ་ཚལ་སོགས་བསྲེས་དགོས་པ་དང་། གཞན་ཡང་ཕག་ལྟོའི་ནང་མངར་བཅུད་(ཐང་ཅིང )་འོས་འཚམ་བསྲེས་སྦྱོར་གྱིས་ཕག་པར་བསྟེར་ན་ཕག་པའི་ལྗིད་ཚད་འཕར་ཐུབ་པ་མ་ཟད་གཟན་ཆག་ལའང་གྲོན་ཆུང་ཡོང་ཐུབ།
བ་གླང་དང་ར་ལུག་གི་རིགས་རྣམས་ཚྭ་མང་བའི་གཟན་ཆག་ལ་དགའ་པོ་ཡོད། ཕྱུགས་ཟོག་དེ་རྣམས་རྒྱུན་དུ་རྩྭ་རིགས་ཁོ་ནར་བརྟེན་དགོས་ཤིང་རྩྭའི་ནང་རྫས་འགྱུར་དངོས་རྒྱུ་ཅྰ་འབོར་ཆེན་འདུས་ཡོད་ལ་ནྰ་འདུས་མེད་པས་ལུས་པོའི་ནང་དངོས་རྒྱུ་དེ་གཉིས་དོ་སྙོམས་མེད་ཚེ་ཕྱུགས་ཟོག་གི་ཟས་ཀྱི་འཇུ་ཤུགས་དང་ཤ་ཤེད་གང་ཅིར་འགོག་རྐྱེན་ཆེན་པོ་བཟོ་གི་ཡོད། བ་གླང་དང་ར་ལུག་སོགས་རྩྭ་གཟན་རིགས་ལ་གཟན་ཆག་ནང་ཚྭ་ཏོག་ཙམ་བསྲེས་ན་དེ་དག་གི་ལུས་པོའི་སྐྱེ་ཁམས་ཆོས་ཉིད་དང་མཐུན་པས་ཟས་ཀྱི་དང་ག་འཕེལ་བ་དང་སྐྱེ་འཚར་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དེར་བརྟེན་གསོ་སྤེལ་བྱེད་མཁན་གྱིས་རྒྱུན་དུ་སྒོ་ཕྱུགས་དེ་དག་གི་ཟས་རིགས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱས་ནས་ལུགས་དངམཐུན་པའི་གསོ་ཚགས་བྱས་ན་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཐུབ།