དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ལག་རྩལ་གསོ་སྦྱོང་།
  • བཞོན་མའི་མངལ་མི་གནས་པའི་ནད་ཀྱི་འགོག་བཅོས་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-08

        1.མངལ་མི་གནས་པའི་ནད་ཀྱི་རིགས་ལ་དབྱེ་འབྱེད་བྱེད་པར་ནད་ན་བའི་རྐྱེན་རྩར་གཞིགས་ན་མངལ་མི་གནས་པའི་ནད་ལ་ནུས་པའི་རང་བཞིན་གྱི་མངལ་གྱི་གནས་པ་དང་དབང་པོའི་རང་བཞིན་གྱི་མངལ་མི་གནས་པ་ལ་དབྱེ་ཆོག

        2.ནད་ཐོན་པའི་རྒྱུ་རྐྱེན་འཚོལ་ཞིབ་བྱེད་པ། ①གསོ་ཚགས་དོ་དམ་མི་ལེགས་པ། ②གསང་རྒྱུད་ཟགས་གཤེར་དོ་མི་མཉམ་པ། ③ལུས་པོ་ཡོངས་རང་བཞིན་གྱི་ནད་རིམས། ④བསམ་བསེའུ་ཡི་ནུས་པ་དོ་མི་སྙོམས་པ་དང་སྐྱེ་ལམ་གྱི་ནད་རིམས།

        3.ཁ་གསལ་གྱི་སྨན་དཔྱད་གཙོ་གནད། བསམ་བསེའུ་ཡི་ནུས་པ་དོ་མི་སྙོམས་པའི་སྨན་དཔྱད་གཙོ་གནད་ནི། མོ་ཕྱུགས་ཀྱི་དྲུས་རྩལངས་པའི་སྔོན་ཚུལ་དང་དྲུས་རྩ་ལངས་པའི་དུས་འཁོར་གྱི་འགྱུར་བ་ལྟ་ཞིབ་དང་གཞང་དཀར་ནག་དང་བསམ་བསེའུ་ཡི་ཆེ་ཆུང་། སྤུས་ཀ། སྒོང་ལྦུར། དེ་མིན་སེར་གཟུགས་གནས་པའི་གནས་ཚུལ་སོགས་ལ་ལྟ་ཞིབ་བྱེད་དགོས། སྐྱེ་ལམ་ནད་རིམས་ཀྱི་སྨན་དཔྱད་གཙོ་གནད། མོ་ཕྱུགས་དྲུས་རྩ་ལངས་ཁའི་མངོན་ཚུལ་དང་དྲུས་རྩ་ལངས་པའི་དུས་འཁོར་འགྱུར་བ་ཕུད་ཆབས་ཅིག་མངལ་ལམ་ལ་བརྟག་དཔྱད་བྱས་པ་བརྒྱུད་བུ་སྣོད་ཀྱི་ཆེ་ཆུང་དང་སྤུས་ཀ། སྐུམས་འཐེན་གྱི་འགྱུར་འབྱུང་ལྟ་ཞིབ་བྱེད་དགོས།

        4.འགོག་བཅོས་བྱ་ཐབས་གཏན་འཁེལ་བཟོ་བ། ①གསོ་ཚགས་དོ་དམ་དང་ལྟག་པར་དུ་སྐྱེ་དུས་ཀྱི་གསོ་ཚགས་དོ་དམ་ལ་ལེགས་བཅོས་གཏོང་དགོས། ②མོ་ཕྱུགས་མངལ་གྲོལ་རྗེས་ཀྱི་ལྟ་ཞིབ་དང་གཡོག་བྱེད་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ལམ་འགོ་ནད་འགོག་དགོས། ③མངལ་གྲོལ་རྗེས་ཀྱི་ཉིན་30-40སོང་བའི་མི་ཕྱུགས་ཀྱི་བུ་སྣོད་རྙིང་གསོ་བྱུང་མིན་ལ་བརྟག་དཔྱད་རྒྱུན་འཁྱོངས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།