དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ལག་རྩལ་གསོ་སྦྱོང་།
  • བྱ་དེའི་གཟན་ཆག་ནང་ཏང་ཀུན་དཀར་པོ་དང་ན་རམ་བླུག་ན་ཡག་པོ་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-08

        བྱ་དེ་གསོ་བའི་ཐོན་སྐྱེད་ལག་ལེན་དངོས་ཀྱི་ནང་དུ་ཤ་བྱ་དང་སྒོང་བྱ། བྱ་ཕྲུག་གི་གཟན་ཆག་ནང་ཀྲུང་ལུགས་སྨན་རྫས་ཏང་ཀུན་དཀར་པོ་དང་ན་རམ་འོས་འཚམ་བསྲེས་ན་བྱ་དེའི་སྐྱེ་འཚར་དང་སྒོ་ངའི་ཐོན་ཚད་ལ་ཕན་ཐོགས་ཆེན་པོ་ཡོད་པས་གནས་ཚུལ་འདི་རིགས་ཐོན་པའི་རྐྱེན་རྩ་ནི་ཏང་ཀུན་དཀར་པོ་དང་ན་རམ་ནང་ཕུན་སུམ་ཚོགས་པའི་འཚོ་བཅུད་ཁ་པ་འདུས་ཡོད་པས་དེ་ནི་བྱ་དེའི་གཟུགས་པོའི་ནང་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་ཟགས་ཐོན་བྱེད་པའི་དགོས་ངེས་ཀྱི་དངོས་རྫས་ཤིག་རེད། གལ་ཏེ་འཚོ་བཅུད་ཁ་པ་དང་མི་ལྡེང་བའི་ཚེ་དེས་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་ཀྱི་འཚོ་བཅུད་གྲུབ་ཆ་བསྡུ་ལེན་དང་བེད་སྤྱོད་བྱེད་པར་ཐད་ཀའི་ཤུགས་རྐྱེན་ཕོག་གི་ཡོད་ལ་བྱ་དེའི་བདེ་ཐང་ལའང་ཤུགས་རྐྱེན་ཕོག་གི་ཡོད།

        ཁ་སྣོན་བྱ་ཐབས་ནི་ཏང་ཀུན་དཀར་པོ་དང་ན་རམ་ཞིབ་བཟོས་བྱས་རྗེས་བྱ་དེའི་གཟན་ཆག་ནང་བསྲེས་ཏེ་བསྟེར་ན་འགྲིག ཁ་སྣོན་བྱ་ཚད་སྤྱིར་བཏང་གཟན་ཆག་གི་0.5%ཟིན་ན་འཐུས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།