བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྐོང་ཆེད་ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཞིང་པའི་དཔེ་དེབ་ཁང་གི་འདུ་འགོད་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྲིད་འཛིན་གྲོང་ཚོར་དཔེ་དེབ་དང་། ཚགས་པར། དུས་དེབ། སྒྲ་བཪྙན་ཐོན་རྫས་སོགས་དཔེ་སྐྲུན་དངོས་རིགས་བཀོད་སྒྲིག་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་གཞིར་བཟུང་འདི་ལོའི་ཟླ་བ་བཅུ་གཅིག་པའི་ཟླ་མཇུག་ཏུ་བོད་དུ་གསར་སྐྲུན་བྱས་པའི་ཞིང་པའི་དཔེ་དེབ་ཁང་ཚང་མ་ལས་མཇུག་འགྲིལ་རྒྱུ་ཡིན་ཞིང་། སྐབས་དེར་ལྗོངས་ཡོངས་སུ་ཞིང་པའི་དཔེ་དེབ་ཁང་5331ཟིན་རྒྱུ་ཡིན་པ་དེས་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་92.7%ཟིན་རྒྱུ་ཡིན་པ་རེད། 2012ལོར “གྲོང་ཚོ་ཚང་མར་ཞིང་པའི་དཔེ་དེབ་ཁང་ཡོད་པ ”ཡི་དམིགས་ཚད་མངོན་འགྱུར་ཡོང་རེ་ཡོད་ཅིང་། འདི་ནི་ཆུ་གསུམ་རྫོང་ཤག་ལྷོ་གྲོང་ཚོའི་པད་མས་ཕྲུ་གུ་པང་ཁར་ཁུར་ཏེ་ཞིང་པའི་དཔེ་དེབ་ཁང་དུ་དཔེ་དེབ་བལྟ་ཀློག་བྱེད་པའི་གནས་ཚུལ་ཡིན་པ།