དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • ལུ་གུའི་གློ་ཚད་དང་བཤལ་ནད་སྔོན་འགོག་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-08

        ལུ་གུ་སྐྱེ་བའི་ནམ་དུས་སུ་མ་མོ་འཇུག་སའི་ལུག་ཚང་གི་གཙང་སྦྲ་སོགས་ལ་ཡིད་གཟབ་མ་བྱས་ན་ལུག་ཕྲུག་ལ་གློ་ཚད་དང་བཤལ་ནད་ཕོག་སླ་བས་གཤམ་གསལ་གྱི་སྔོན་འགོག་བྱ་ཐབས་འགའ་སྤྱོད་དགོས་པ་སྟེ།

        1.རྒྱུན་དུ་མོ་ལུག་འཇུག་སའི་ལུག་ཚང་གི་དྲོད་ཚད་སྙོམས་པོ་དགོས་པ་ལས་སྐབས་རེདྲོད་ཚད་མཐོ་པོ་དང་སྐབས་རེ་དྲོད་ཚད་དམའ་པོ་མི་ཡོང་བ་བྱེད་དགོས། སྤྱིར་ན་ལུག་རྒྱུད་ལེགས་བཅོས་བྱས་པའི་ལུ་གུ་སྐྱེས་རྗེས་ཀྱི་ཉིན་ལྔའི་ནང་ཚུན་དུ་ལུག་ཚང་གི་དྲོད་ཚད་ཅུང་མཐོ་ཙམ་ཡོང་བ་བྱེད་དགོས་པ་དང་ཉིན་ལྔ་སོང་རྗེས་ལུ་གུ་རྣམས་དྲོད་སྲུང་ལེགས་པའི་ལུག་ཚང་ནང་སྤོ་ནའང་སྐྱོན་མེད།

        2.རྒྱུན་དུ་མོ་ལུག་འཇུག་སའི་ལུག་ཚང་གི་མཁའ་རླུང་འགྲོ་རྒྱུག་ལ་དོ་སྣང་བྱས་ནས་མཁའ་རླུང་གསར་པ་འགྲོ་རྒྱུག་བདེ་པོ་ཡོང་བ་བྱེད་དགོས། འོན་ཀྱང་ངེས་པར་དུ་སྒོ་དང་རྩིག་པའི་སྲུབས་ནས་གྲང་རླུང་མི་འཛུལ་བ་བྱེད་དགོས།

        3.རྒྱུན་དུ་མོ་ལུག་འཇུག་སའི་ལུག་ཚང་ནང་བཏིངས་པའི་གཟན་རྩྭ་རྣམས་བརྗེ་ལེན་ཡང་ཡང་བྱེད་དགོས། དེ་ཡང་ཉུང་མཐར་ཡང་ཉིན་གཉིས་གསུམ་ནང་བརྗེ་ལེན་ཐེངས་རེ་བྱེད་དགོས་པ་དང་། དེ་ལྟར་མ་བྱས་ཚེ་གཟན་རྩྭ་རློན་པ་ཆགས་ནས་འབུ་ཕྲ་མོ་འཕེལ་ཏེ་ལུ་གུར་བཤལ་ནད་ཕོག་པ་མ་ཟད། གཅིན་པ་དང་མགོ་ཆུ་སོགས་ཀྱི་དྲི་ངན་དེས་ལུ་གུའི་དབུགས་ལམ་ལ་ནད་ཕོག་ནས་གློ་ཚད་ཀྱང་ཁྲིད་ཀྱི་ཡོད།

        ཞིང་འབྲོག་ཉེར་སྤྱོད་ལག་རྩལ་ནས་བཏུས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།