ཞིང་སྤྱོད་དངོས་རྫས་ཉོ་སྐབས་གཏུམ་ཤོག་ཚད་ལྡན་ཡིན་མིན་དང་ཤོག་བྱང་ཆ་ཚང་ཡིན་མིན། ཚད་མཐུན་ལག་ཁྱེར་ཡོད་མེད། རྒྱུ་ཆའི་ཐོ་འགོད་ལག་ཁྱེར་གྱི་ཨང་གྲངས། བཟོ་གྲྭའི་མིང་དང་གནས་ཡུལ། ཚོང་རྟགས། བཟོ་བའི་དུས་ཚོད། སྤུས་ཚད་འགན་ལེན་བྱེད་ཡུན་དང་བེད་སྤྱོད་བྱེད་སྟངས་ཀྱི་གསལ་བཤད་སོགས་ལ་ལྟ་ཞིབ་བྱ་རྒྱུར་གཟབ་གཟབ་བྱེད་དགོས། ཤོག་ཐུམ་ཁ་ཕྱེ་ནས་སིལ་ཚོང་གི་ས་བོན་དང་ཞིང་སྤྱོད་སྨན་རྫས། རྫས་ལུད་སོགས་ཉོ་སྒྲུབ་བྱེད་མི་རུང་། ཉོ་སྒྲུབ་བྱེད་སྐབས་ཚོང་གཉེར་སྡེ་ཚན་གྱི་གཞུང་ཐེལ་ཡོད་པའི་ཡིད་ཆེས་ཀྱི་བྱང་བུ་དང་དངོས་རྫས་ཉོ་སྒྲུབ་བྱེད་པའི་འཛིན་ཡིག་སློང་དགོས་པར་མ་ཟད། ཉོ་སྒྲུབ་བྱེད་པའི་དུས་ཚད་དང་ཐོན་རྫས་ཀྱི་མིང་། གྲངས་ཀ། རིམ་པ། ཚད་གཞི། ཨང་རྟགས། རིན་གོང་སོགས་ཆ་འཕྲིན་གཙོ་བོ་གསལ་པོ་འགོད་ཡོད་དགོས།