དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • ཇིན་ཚལ་གྱིས་ཕྱུགས་ནད་བཅོས་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-08

        མངལ་གནས་བ་ཕྱུགས་ཉིན་མོ་ཕྱི་རོལ་དུ་འགུལ་སྐྱོད་ཉུང་བས་སྤྲི་དཀར་ལྡན་ཚད་མང་བའི་གཟན་ཆག་དེ་དག་ཕོ་བས་ལེགས་པོ་འཇུ་མི་ཐུབ་པར་བཤལ་བའམ་ཡང་ན་མངལ་གནས་མོ་ཕྱུགས་ལ་སྤྲི་དཀར་གྱི་འཚོ་རྒྱུ་མང་དྲགས་པའི་རྐྱེན་གྱིས་ཁྲག་རྩ་མཁྲེགས་འགྱུར་གྱི་ནད་ཕོག་སྟེ་མིག་རྩ་དམར་སྨུག་ཆགས་པ་དང་དབུགས་ཧལ་བ་སོགས་ཀྱི་སྣང་ཚུལ་བྱུང་ཚེ་ཇིན་ཚལ་བཙོས་པའི་ཁུ་བའི་ནང་འབྲས་ཁུ་འདྲེས་སྦྱོར་བྱས་ཏེ་ཉིན་ཤས་བསྟུད་མར་བསྟེར་ན་རིམ་བཞིན་དྲག་སྐྱེས་ཡོང་ཐུབ། བེའུ་འགའ་རེས་ལྕི་བ་རིལ་མ་ལྟ་བུ་སྐམ་པོ་གཏོང་ཞིང་རིམ་བཞིན་ཉུང་དུ་ཕྱིན་ནས་ལྕི་བ་གཏོང་མི་ཐུབ་པར་འགག་པའི་སྣང་ཚུལ་བྱུང་སྟེ་འོ་མ་འཐུང་བའི་དང་ག་མེད་པར་འོ་མ་མི་འཐུང་ལ་གཟན་ཆག་གཞན་གང་ཡང་ཟ་འདོད་མེད་པར་ཉོབ་མདངས་བསྟན་ནས་ཉིན་གང་ཉལ་ནས་སྡོད་པའི་སྐབས་སུ་ཇིན་ཚལ་བཙོས་པའི་ཁུ་བའི་ནང་དྲི་ཞིམ་སྣུམ་འོས་འཚམ་བླུགས་ཏེ་ཉིན་དགུང་དཀར་ཡོལ་ཆུང་གྲས་རེ་ཉིན་གྲངས་5-7བསྟུད་མར་བསྟེར་ན་དྲག་སྐྱེས་ཡོང་ཐུབ། བོད་ལྗོངས་ཚན་རྩལ་ཚགས་པར་ལས་བཏུས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།