དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • ཤིང་འབྲས་སྡོང་པོར་སེར་བའི་གནོད་འཚེ་ཕོག་པ་བཅོས་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-08

        ཤིང་འབྲས་སྡོང་པོར་སེར་བའི་གནོད་འཚེ་ཕོག་རྗེས་ཡལ་ག་ཆག་པ་དང་ལོ་མ་དང་འབྲས་བུར་རྨ་བཟོ་བ་མ་ཟད་ཚབས་ཆེ་བར་མེ་ཏོག་དང་འབྲས་བུ་འབོར་ཆེན་ཟགས་ནས་ཐོན་འབབ་ལ་སྐྱོན་རྒྱག་པ་དང་ནད་འབུ་མཆེད་སླ་པོ་ཡོད། དེ་ཡང་ཐག་གཅོད་བྱ་ཐབས་གཤམ་གསལ།

        ༡ .དུས་ཐོག་ཏུ་སེར་བས་བཅོམ་པའི་ལོ་མ་དང་སྡོང་པོ། ཤིང་འབྲས་བཅས་རྨས་མ་དག་བཀོག་སྟེ་ས་ལ་སྦས་པའམ་མེར་བསྲེག་གཏོང་དགོས། ༢ .ནད་འབུ་གསོད་པའི་ཞིང་སྨན་གཏོར་དགོས། སེར་བས་འཇབ་རྒོལ་བྱས་པའི་རྐྱེན་གྱིས་ལྗང་པ་གསར་པ་དང་ལོ་མ། སྡོང་པོ། འབྲས་བུ་སོགས་གང་སར་ཚད་གཞི་མི་གཅིག་པའི་རྨས་སྐྱོན་བཏང་ཡོད་པས་ནད་འབུ་ཕྲ་མོ་འགོ་སླ་པོ་ཡོད་པར་བརྟེན་སྡོང་རིགས་མི་འདྲ་བར་གཞིགས་ནས་ནད་འབུ་གསོད་པའི་སྨན་གཏོང་དགོས། ༣ .དུས་ཐོག་ཏུ་ལུད་རྗེས་སྣོན་བྱེད་དགོས། ལོ་མར་སེར་བའི་རྨས་སྐྱོན་བཏང་རྗེས་འཚོ་བཅུད་གྲུབ་རྒྱུར་འགོག་རྐྱེན་བཟོ་བ་མ་ཟད་རྨ་ཁ་གསོ་བར་ཡང་འཚོ་བཅུད་འབོར་ཆེན་དགོས་པས་དུས་ཐོག་ཏུ་ལུད་ཁ་གསབ་བྱེད་དགོས། ༤ .ས་སོབ་སོབ་བཟོ་དགོས། སེར་བའི་གནོད་འཚེ་བྱུང་རྗེས་ས་རྒྱུའི་རླུང་འགྲོ་ཞན་དུ་འགྲོ་བ་དང་ས་དྲོད་དམའ་ཏུ་འགྲོ་བས་རྩ་བ་སྐྱེ་འཚར་ཡོང་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་དུས་ཐོག་ཏུ་ས་སོབ་སོབ་བཟོ་དགོས། གཤོང་ས་དམའ་པོར་ཆུ་བཤང་རྒྱུའི་ལས་ཀ་ཡག་པ་སྒྲུབ་དགོས། ༥ .གནོད་འཚེ་འི་རྗེས་སྡོང་པོར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡལ་ག་སྟུག་པོ་དང་རིང་པོ་དག་བྲེགས་ནས་རླུང་འགྲོ་དང་འོད་ཡག་པོ་ཕོག་པ་བྱེད་དགོས། འབྲས་བུ་ཆུང་ཆུང་དག་འགོག་དགོས་སོ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།