དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • འོ་ཐག་བཅད་ཟིན་པའི་ཕག་ཕྲུག་གི་གཟན་ཆག་ནང་སྐྱུར་རྫས་ཁ་སྣོན་བྱ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-08

        ཕག་ཕྲུག་གཟའ་འཁོར་4 -5སོང་རྗེས་འོ་ཐག་གཅོད་དགོས་ཤིང་ཕག་ཕྲུག་འོ་ཐག་བཅད་ཟིན་རྗེས་འོ་སྐྱུར་གྱི་འབྱུང་ཁུངས་ཆད་ཅིང་ཚྭ་སྐྱུར་ཟགས་ཐོན་བྱེད་ཉུང་བ་དང་དུས་མཚུངས་གཟན་ཆག་ནང་གི་སྤྲི་དཀར་དང་གཏེར་རྫས་སྐྱུར་དང་ཟུང་ཏུ་སྦྲེལ་བས་རྒྱུ་ལམ་ནང་གི་སྐྱུར་རྒྱུ་དམའ་རུ་ཕྱིན་པ་དང་ཕོ་བའི་སྤྲི་དཀར་མེ་རྫས་ཉུང་དུ་ཕྱིན་པ། སྤྲི་དཀར་འཇུ་ཚད་སྐྱོ་རུ་བཅས་འགྲོ་གི་ཡོད། འཇུ་མི་བདེ་བའི་གཟན་ཆགའགའ་ཤས་ཀྱིས་རྒྱུ་མའི་ནང་འབུ་ཕྲ་སྐྱེ་འཕེལ་བྱེད་པར་འཚོ་རྒྱུ་མཁོ་འདོན་བྱེད་པས་རྒྱུ་མའི་ནུས་པ་འཁྲུག་ཅིང་འོ་ཐག་བཅད་ཟིན་པའི་ཕག་ཕྲུག་གི་ལྟོའི་དང་ག་ཆག་པ་དང་ཚབས་ཆེ་བར་ཕག་ཕྲུག་ལ་བཤལ་ནད་ཕོག་སྟེ་ཤི་འགྲོ་གི་ཡོད། དེར་བརྟེན་འོ་ཐག་བཅད་ཟིན་པའི་ཕག་ཕྲུག་གི་གཟན་ཆག་ནང་སྐྱུར་རྒྱུ་ཁ་སྣོན་བྱེད་དགོས།

        དང་པོ། ཕག་ཕྲུག་གི་འཐུང་ཆུ་དང་ཉིན་རེའི་གཟན་ཆག་ནང་ཉིང་མོང་སྐྱུར་1% -3% དང་འོ་སྐྱུར། ཧྥུའུ་མ་སྐྱུར། ཀུ་ཤུའི་སྐྱུར་སོགས་ཁ་སྣོན་བྱེད་དགོས། ཉིང་མོང་སྐྱུར་གྱིས་སྐྱུར་རྒྱུ་ཁ་སྣོིན་གཙོ་བོ་བྱ་ནའང་ལེགས། དེ་ལྟར་བྱ་ན་རྒྱུ་ཆེན་ནང་གི་དབྱུག་སྲིན་འབུ་ཕྲ་དང་དབྱང་རླུང་བྲལ་བའི་འབུ་ཕྲ་སྐྱེ་འཕེལ་བྱེད་པར་འགོག་ནུས་ཆེན་པོ་ལྡན་ཡོད།

        གཉིས་པ། ཕག་ཕྲུག་གི་གཟན་ཆག་ནང་དུ་ཚྭ་སྐྱུར་གི་བཞུར་ཁུ་བསྲེས་དགོས། དེས་ཕོ་བའི་སྤྲི་དཀར་མེ་རྫས་ཀྱི་གསོན་ཤུགས་མཐོ་རུ་འགྲོ་བ་དང་ཕག་ཕྲུག་གིས་གཟན་ཆག་འཇུ་ཚད་མཐོ་རུ་འགྲོ་བ་མ་ཟད་རྒྱུ་སོར་བཅུ་གཉིས་ནང་གི་འོ་སྐྱུར་མཐོ་རུ་འགྲོ་བ་དང་ཆབས་ཅིག་རྒྱུ་ཆེན་ནང་གི་དབྱུག་སྲིན་གྱི་གྲངས་ཚད་ཉུང་དུ་གཏོང་ཐུབ།

        གསུམ་པ། ཉིན་རེའི་གཟན་ཆག་ནང་ཕོ་བའི་སྤྲི་དཀར་མེ་རྫས་ཞུར་ཆུ་0.3ཁ་སྣོནབྱེད་དགོས། དེས་འཇུ་ནུས་ལ་སྐུལ་སྤེལ་གཏོང་བ་དང་། རྒྱུ་ལམ་ནང་གི་ནད་རིམས་སློང་བའི་སྐྱེ་དངོས་ཕྲ་རབས་ཉུང་དུ་གཏོང་བ་མ་ཟད་བཤལ་ནད་ཀྱང་འགོ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།