དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • བྱ་མོར་ཏིལ་འབྲུ་བསྟེར་ན་སྒོ་ང་གཏོང་ཚད་མཐོ་རུ་འགྲོ་ཐུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-08

        སྒོང་བྱ་གསོ་ཚགས་བྱེད་མཁན་གྱི་ཁྱིམ་དུད་ཚང་མས་རང་ཉིད་ཀྱི་སྒོང་བྱས་སྒོ་ང་མང་ཙམ་གཏོང་རྒྱུའི་རེ་བ་བཅངས་བཞིན་ཡོད། དེས་ན་བྱ་མོས་སྒོ་ང་མང་ཙམ་གཏོང་བར་སྐུལ་འདེད་བྱེད་པའི་བྱ་ཐབས་རིགས་མང་པོ་ཡོད་ཅིང་། དེར་གསོ་ཚགས་ཁྱིམ་དུད་ཚོར་ཏིལ་འབྲུས་བྱ་མོར་སྒོ་ང་གཏོང་ཙད་མཐོ་རུ་འགྲོ་བའི་བྱ་ཐབས་ཤིག་ངོ་སྤྲོད་བྱ་རྒྱུ་སྟེ།

        གཞི་རྩའི་བྱ་ཐབས་ནི་སྔོན་ལ་ཏིལ་འབྲུ་ཁེ་400ཧ་ཡང་ནང་བླུགས་ནས་མེ་ཤུགས་ཆུང་ངུས་ཚག་ཚག་གི་སྐད་སྒྲ་སྒྲོག་མཚམས་བརྔོས་རྗེས་ཙོས་དྲགས་རྒྱུ་མེད་ཕག་སྣུམ་ཁེ་200ཧ་ཡང་ནང་ཚ་པོ་བཟོས་ཏེ་བཞུ་རྗེས་ཏིལ་འབྲུ་ཕག་སྣུམ་ནང་མཉམ་བསྲེས་བྱེད་དགོས།

        སྤྱོད་ཐབས། ཉིན་དང་པོར་སྒོང་བྱ་རེར་ཁེ་25 40སྟེར་བ་དང་ཙང་གསོས་བྱ་དེར་ཉིན་གང་ཆུ་སྟེར་རྒྱུ་མེད། རྗེས་སུ་ཉིན་5རེའི་ཐོག་ཐེངས་1སྟེར་བ་དང་ཐེངས་རེར་ཁེ་15 25 སྟེར་དགོས་ཤིང་གཟན་ཆག་གཞན་རྒྱུན་གཏན་ལྟར་སྟེར་དགོས། གོང་གི་བྱ་ཐབས་ལྟར་སྒོང་བྱར་ཏིལ་འབྲུ་ཟླ་བ་3བསྟེར་ན་སྒོ་ང་གཏོང་ཚད་མཐོ་རུ་ཤུགས་ཆེ་གཏོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།