དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • བེའུ་གསོ་ཚགས་བདག་སྐྱོང་གི་གནད་འགག

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        སྤྱིར་བེའུ་ཚང་མ་རང་བཞིན་གྱིས་འོ་མ་འཐུང་དུ་འཇུག་ཅིང་བེའུ་སྐྱེ་སྲིང་འཚར་ལོངས་ལེགས་པོ་ཡོང་ཆེད་ངེས་པར་དུ་ཕྱུགས་རྩྭ་བཟང་ལོས་དང་། བེའུའི་རྩྭ་ཟ་ཚད། སྐྱེ་འཚར་ཡོང་ཚུལ། གཟུགས་པོ་ཐང་ལོས་བཅས་ལ་གཞིགས་ནས་འབྲིའི་འོ་མ་འཇོ་ཚད་སྙོམ་སྒྲིག་བྱེད་དགོས། བེའུ་གཟའ་འཁོར་3ལོན་པའི་རྗེས་ནས་ཕྱུགས་རྩྭ་ཟ་ཐུབ་པ་དང་ཟླ་བ་3ཡས་མས་སླེབས་པ་དང་ཕྱུགས་རྩྭ་མང་པོ་ཟ་ཐུབ། བེའུ་ན་ཆེ་རུ་འགྲོ་བའམ་ལོངས་པ་དང་བསྟུན་ནས་འབྲིའི་འོ་མ་དེས་སྐྱེས་འཚར་དགོས་མཁོ་སྐོང་མི་ཐུབ་པའི་ཚེ་རྩྭ་ཟུ་རུ་འཇུག་རྒྱུར་ཤུགས་སྣོན་རྒྱག་དགོས། བེའི་ཟླ་བ་6ལོན་པའི་སྐབས་འོ་ཐག་གཅོད་པ་མ་ཟད། མ་དང་བེའུ་ཁྱུ་ཕྲལ་ནས་གསོ་ཚགས་བྱས་ན་མའི་ལུས་ཟུངས་མ་ཤོར་བ་དང་ཕྱི་ལོ་དྲུས་ཏེ་སྦྱོར་སྡེབ་བྱ་རྒྱུར་ཕན་ཁྱད་ཆེ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།