དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • སོན་བཟང་ཇི་ལྟར་འདེམས་སྤྱོད་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        སོན་བཟང་གི་ཐོན་སྐྱེད་ཁྲོད་ཕན་ནུས་ཆེ་བའི་ཆ་རྐྱེན་བདེ་སྤྱད་གང་ལེགས་ཐུབ་ཅིང་ཕན་མེད་ཀྱི་རྒྱུ་རྐྱེན་སེལ་བ་དང་ཐོན་སྐྱེད་ཁྲོད་ཀྱི་དམིགས་བསལ་གྱི་གནད་དོན་འགའ་ཞིག་ནུས་ལྡན་གྱི་སྒོ་ནས་ཐག་གཅོད་ཐུབ་

        ཀྱི་ཡོད། དེར་བརྟེན་སོན་བཟང་འདེམས་སྤྱོད་བྱས་པ་དེས་ཞིང་ལས་ཐོན་ཟོག་གི་སྤུས་ཀར་འགྱུར་བ་འགྲོ་བ་དང་སྤུས་ཚད་མཐོ་རུ་འགྲོ་བ། མཁོ་སྤྲོད་ཀྱི་དུས་ཚོད་སྙོམ་སྒྲིག་བྱ་རྒྱུ་དང་ཕན་ཁེ་ཤུགས་ཆེར་གཏོང་བ་བཅས་ཀྱི་ཐད་ལ་གལ་ཆེའི་ནུས་པ་ཐོན་གྱི་ཡོད། སོན་བཟང་འདེམས་སྒྲུག་བྱེད་པར་ས་ཁུལ་དེ་གའི་སྐྱེ་འཚར་གྱི་ཁོར་ཡུག་དང་མི་འཚམ་པའི་ས་བོན་བེད་སྤྱོད་བྱ་རྒྱུ་མེད། སོན་བཟང་ཡིན་ཚད་ལ་བརྒྱ་ཆ་བརྒྱ་ཡི་འཚར་ནུས་དང་ལྡན་པ་ཡིན་མི་སྲིད་པས་སོན་བཟང་དེའི་ཕྱོགས་གང་ཐད་ཀྱི་ལེགས་ཆ་བེད་སྤྱོད་བྱས་ན་ཕན་འབྲས་ཆེ་ཤོས་ཡིན་པ་དེར་བལྟ་དགོས། དེ་བས་ན་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སོན་བཟང་འདེགས་སྒྲུག་བྱ་རྒྱུ་གལ་ཆེན་པོ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།