དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • ཕག་ཕྲུག་གི་ཤི་རྐྱེན།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        1.མོ་ཕག་ལོ་རྒས་ཤིང་ལུས་པོ་སྐྱོ་བ་དང་ཚོར་སྣང་ཞན་པ། འགུལ་སྐྱོད་སྟབས་མི་བདེ་བས་ཕག་ཕྲུག་གནོན་ཤི་ཐེབས་བདེ་པོ་ཡོད།

        2. ཕག་ཕྲུག་འོ་མ་འཐུང་སྐབས་རྟག་ཏུ་ནུ་རྡོག་ལ་ཧབ་ཐོབ་རྒྱག་པའི་སྣང་ཚུལ་ཐོན་པས་གལ་ཏེ་གློ་བུར་དུ་མོ་ཕག་གི་ནུ་མོར་སོ་རྒྱག་ཉེས་ཤོར་ན་ན་ཟུག་གིས་མི་བཟོད་པར་ཨ་སློག་རྒྱག་པའི་སྐབས་ཕག་ཕྲུག་གནོན་ཤི་ཐེབས་སླ་པོ་ཡོད།

        3.གལ་ཏེ་ཚང་ནང་གི་ས་ངོས་སྙོམ་པོ་མེད་པའི་སྐབས་མོ་ཕག་རྟག་ཏུ་ས་ཆ་ཀོང་སར་ཉལ་བར་དགའ་བ་དང་ཕག་ཕྲུག་ཀྱང་ཀོང་སར་ཉལ་རྒྱུར་དགའ་བས་གནས་ཚུལ་དེ་རིགས་འོག་མོ་ཕག་གིས་ཨ་སློག་བརྒྱབ་ནས་ཕག་ཕྲུག་གནོན་བསད་ཐེབས་པའི་སྣང་ཚུལ་རྟག་ཏུ་མཐོང་རྒྱུ་ཡོད།

        4. ཚང་ནང་འདིང་བའི་གནད་རྩྭ་མང་དྲགས་པའམ་རིང་དྲགས་ན་ཕག་ཕྲུག་རྟག་ཏུ་རྩྭ་འོག་ཏུ་འཛུལ་ནས་ཕག་མོས་མ་མཐོང་བར་གནོན་བསད་ཀྱང་བྱེད་བདེ་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།