དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • ཤིང་སོན་གསོ་སྐྱོང་བྱེད་ཐབས་ཀྱི་གཙོ་བའི་ལག་རྩལ།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        མྱུ་གུ་རྭ་བའི་ས་ཆ་གདམ་རྒྱུ་ནི་གལ་འགངས་ཆེ་བས་ས་ཆ་འདེམས་སྐབས་ཞིང་ལས་ཐོན་སྐྱེད་ལ་གནོད་པ་མེད་པའི་ས་ཆ་རྣམས་བདེ་སྤྱོད་ཡག་པོ་བྱ་དགོས། ཤིང་སོན་རྭ་བའི་ས་ཆ་གདམ་རྒྱུའི་ཆ་རྐྱེན་ནི་ས་ཆ་བྱེ་ཤས་ཆེ་ལ་ས་འོག་གི་ཆུ་ནི་སྤྱི་ཁྲེ་གཅིག་དང་ཕྱེད་ཀ་ནས་གཉིས་བར་བྲུས་ཏེ་ཐོན་པའི་ས་ཆ་ཞིག་དང་ཆུ་གཏོང་བདེ་བ་ཞིག་དགོས། དེ་ལྟར་བྱུང་ན་དབྱར་དུས་སུ་དྲག་ཆར་རླུང་འཚུབ་འབབ་པའི་ཚེ་ན་ཆུ་མང་དྲགས་པའི་གནས་ཚུལ་བྱུང་ཡང་ཆུ་དེ་རྣམས་ཤར་གཏོང་ཐུབ་ཀྱི་ཡོད། ཡང་གྲོང་ཁྱེར་དང་བར་ཐག་ཉེ་བ་དང་སྐྱེལ་འདྲེན་སྟབས་བདེ་བཅས་ཡོད་པའི་ཆ་རྐྱེན་དེ་རིགས་བྱུང་ན་ཤིང་འཛུགས་ནགས་བཟོའི་ལས་ཀར་གྲུབ་འབྲས་ཆེན་པོ་ཐོན་ཐུབ་པ་མ་ཟད་རང་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱ་གཞག་ནང་ཕན་ནུས་དེ་བས་ཆེ་ཙམ་ཐོན་ཐུབ་པ་སྨོས་མི་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།