དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • འབྲི་གཡག་གི་ཁུ་ལུ་ལེན་པ་དང་རྩིད་པ་འབྲེག་པའི་ལག་རྩལ།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        ཁུ་ལུ་ལེན་པ། སྤྱིར་བཏང་ཐོག་འབྲི་གཡག་གི་ཁུ་ལུ་རྩིད་པ་མ་འབྲེག་གོང་དུ་ལེན་ཞིང་། ཟླ་བ་5-6པར་འབྲི་གཡག་ཁུ་ལུ་རང་བཞིན་དུ་བསྐྱུར་བའི་དུས་བླང་ན་ལེགས།

        རྩིད་པ་འབྲེག་པ། འབྲི་གཡག་གི་རྩིད་པ་སྤྱིར་ན་ཟླ་བ་6-7བར་འབྲེག་གི་ཡོད་མོད། གནམ་གཤིས་དང་ཤ་ཤེད་སོགས་རྒྱུ་རྐྱེན་ལ་བལྟོས་ནས་འབྲེག་དུས་སྔ་སྣུར་བྱེད་པའམ་ཕྱིར་འགྱངས་བྱེད། རྩིད་པ་འབྲེག་དུས་འབྲི་གཡག་ག་ལེར་བཟུང་བ་དང་ག་ལེར་འབྲེག (འགྱེལ་བར་བྱེད་པ ) པ་ལས། ལྷས་རྭའི་ནང་འཚང་ཁ་རྒྱག་པ་དང་འདེད་རེས་དྲག་པོ་བྱས་པ་ལས་ཕྱུགས་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་མ་ཐོན་པ་བྱ།

        ཕྱུགས་རེར་རྩིད་པ་འབྲེག་པའི་དུས་ཡུན་སྐར་མ་20ཡས་མས་ལས་མ་འགོར་ན་ལེགས། འབྲེག་པའི་རྩིད་པ་ཁ་དོག་དང་། སྦོམ་ཕྲ་ལ་གཞིགས་ནས་སོ་སོར་ཉར་ཚགས་ཀྱིས་དཔལ་འབྱོར་ཕན་འབྲས་མཐོ་རུ་གཏོང་ཐུབ་པ་བྱ། རྩིད་པ་འབྲེག་པ་དང་ཁུ་ལུ་བླངས་པའི་འབྲི་གཡག་ཉིན་1-2ནང་མ་འཁྱགས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།