དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • ལོ་ཏོག་ལ་ཏན་མི་ལྡེང་བའི་ནད་རྟགས།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        ལོ་ཏོག་ལ་ཏན་མ་འདང་ན་ཡལ་ག་གསར་པ་ཕྲ་ཞིང་ཐུང་བ་དང་ལོ་མ་ཆུང་ལ་ཀེ་རེར་ལངས་པ། ལོ་མའི་མདོག་ཁ་ལྗང་སྐྱ་ཡིན་ཞིང་ལོ་མའི་ཡུ་བ་དང་རྩ་བ་དེ་མིན་པགས་རིམ་དམར་པོ་ཆགས་ཤིང་། མེ་ཏོག་ཤར་ཉུང་བ་དང་འབྲས་བུ་ཆུང་བ་མ་ཟད་འབྲས་བུ་སྔ་སྨིན་བྱས་ཏེ་ཟགས་འགྲོ་བ། སྡོང་རྐང་ཕྲ་རིགས་མང་བ་དང་སྦོམ་རིགས་ཉུང་བ། གསར་སྐྱེས་སྡོང་རྐང་སེར་པོ་ཆགས་པ་མ་ཟད་ནད་དང་གནོད་འབུ་འགོག་པ་དང་སད་སྐྱོན་འགོག་པའི་ནུས་པ་སྐྱོ་རུ་འགྲོ། དེ་ཡང་སྲན་ཆེན་གྱི་དཔེ་བཞིན་སྐྱེ་འཚར་བྱེད་པའི་དུས་སུ་ཏན་ལུད་མ་འདང་ན་གཤམ་ངོས་ཀྱི་ལོ་མ་ནས་འགོ་བཙུགས་ཏེ་མདོག་སྐྱ་བོ་ཆགས་ནས་ལྗང་སྐྱར་གྱུར་བ་དང་རྗེས་སུ་རིམ་བཞིན་སེར་པོ་ཆགས་ཏེ་སྐམ་འགྲོ་གི་

        ཡོད། སྐབས་འགར་ལོ་མའི་ངོས་སུ་ལི་མདོག་གི་ཕྲ་ཐིག་ཐོན་གྱི་ཡོད། ཚབས་ཆེ་བའི་དུས་སྐྱེ་དངོས་འཚར་ལོངས་ཡོང་བ་མཚམས་བཅད་དེ་ལོ་མ་རིམ་བཞིན་ཟགས་འགྲོ་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།