དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • ལུག་གི་ཁའི་གཉན་ནད་བཅོས་ཐབས།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        ལུག་གི་ཁའི་ཟུར་དེ་སྐྲང་པའམ་ཡང་ན་ཁའི་ཟུར་དེ་་ཁ་མདོག་དམར་སྨུག་ཆགས་པ། དེ་བཞིན་ཁའི་ཟུར་དུ་རྨ་ཆགས་པ་སོགས་ཀྱི་སྣང་ཚུལ་བྱུང་བའི་རྒྱུ་མཚན་ནི་ལུག་ཕྱི་རོལ་དུ་འཚོ་སྐབས་ཚེར་མའི་བར་སེང་གི་སྔོ་རྩྭ་བཟས་ནས་ཁའི་ཟུར་དུ་ཚེར་མ་ཟུག་པའམ་ཡང་ན་མཁྲེགས་པའི་གཟན་ཆག་གི་གྱོང་པོ་བཟས་པ་དང་མིི་གཙང་བའི་ཟས་བཟས་པ་སོགས་ཀྱིས་ཁ་ནང་གྱི་འབྱར་སྐྱིན་རྨ་བཟོས་པ་དང་སོ་རྙིང་སྐྲང་པ།

        མིད་པའི་གཉན་ཚད་ཀྱི་ནད་སོགས་ཕོག་གི་ཡོད་པ་རེད། འགོག་བཅོས་བྱ་ཐབས། སྨན་ཧོང་ཨན་ཞིབ་པོ་འཛོགས་རྗེས་དེའི་ནང་ཚུའུ་དཀར་པོ་འོས་འཚམ་འདྲེས་སྦྱོར་བྱས་ཏེ་ལུག་གི་ཁའི་ནང་ཉིན་རེར་ཐེངས་གསུམ་སྟེར་དགོས། ཡང་སྨན་ཧོང་ཨན་ཕྱེ་མ་བཟོས་ཏེ་དེའི་ནང་འབྲས་ཁུ་འོས་འཚམ་འདྲེས་སྦྱོར་བྱས་ཏེ་སྐྱོ་མ་ལྟ་བུ་བཟོས་རྗེས་ལུག་གི་ཁའི་གཡས་གཡོན་དང་སྐེ་ལ་བྱུག་ན་གཉན་ཁ་འཇོམས་པའི་ནུས་པ་ཐོན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།