དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • པད་ཚལ་ཆུང་བའི་འདེབས་འཛུགས་དང་ཉེར་སྤྱོད་བྱ་ཐབས།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        པད་ཚལ་ཆུང་བ་དེ་རང་རྒྱལ་ནས་ཐོན་པ་དང་ལྷོ་བྱང་ས་ཆ་གང་སར་ཁྱབ་ཡོད་ཅིང་དེ་ནི་འདམ་མ་བཞི་ལྡན་རིགས་ཀྱི་ཚལ་རིགས་ལ་གཏོགས། པད་ཚལ་ཆུང་བ་ནི་དྲོད་ཚད་བསིལ་བའི་གནམ་གཤིས་ལ་དགའ་བ་དང་ཚབ་བ་ཐེག་ཐུབ་ཀྱི་མེད་ཅིང་ཐོན་རྫས་འགའ་རེ་གྲང་ཐེག་བྱ་ཐུབ། མྱུ་གུ་གསོ་བ་དང་སྐྱེ་འཚར་གྱི་དྲོད་ཚད་དེ་ཧྲེ་ཧྲི་ཏུའུ་15-25ལ་འཚམ་ཞིང་ཧྲེ་ཧྲི་ཏུའུ་25ལས་བརྒལ་ན་སྐྱེ་འཚར་ཐོན་སྐྱེད་བྱེད་པར་ཤུགས་

        རྐྱེན་ཐེབས་ཀྱི་ཡོད། འོད་ཕོག་གིས་པད་ཚལ་ཆུང་བར་ཤུགས་རྐྱེན་ཕོག་པ་སྟེ་འོད་ཕོག་ཤུགས་ཞན་དྲགས་ན་སྡོང་རྐང་རྒྱས་དྲགས་མོད། འོན་ཀྱང་ལོ་མའི་རྒྱུ་གཏན་སྐྱེ་འཚར་ལ་ཕན་པ་མེད། དེས་ན་འོད་ཕོག་འདང་ངེས་ཀྱིས་པད་ཚལ་ཆུང་བ་སྐྱེ་འཚར་སྙོམས་པོ་ཡོང་བར་ཕན་པ་ཡོད། གཞན་ཡང་ས་རྒྱུ་གཤིན་ལ་སོབ་པར་སྐྱེ་འཚར་ཀྱང་ལེགས་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།