དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • སྲན་ཆེན་ལ་ལུད་རྒྱག་པའི་དུས་ཚོད་ཡག་ཤོས།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        སྲན་ཆེན་ནི་ཏན་ལུད་དགོས་མཁོ་ཆེ་ཙམ་ཡོད་པའི་ལོ་ཏོག་ཅིག་རེད། དེའི་ཏན་ལེན་རྩ་རྡོག་འབུ་ཕྲའི་ཁྱོན་ཡོངས་ཀྱི་མཁོ་ཚད་དེ་གཉིས་ཆ་གཅིག་ནས་གསུམ་ཆ་གཅིག་ལས་འདོད་བློ་སྐོང་ཐུབ་ཀྱི་མེད།

        དེར་བརྟེན་དུས་ཐོག་ཏུ་ཏན་ལུད་ཁ་གསབ་བྱས་ན་སྲན་ཆེན་ཐོན་མཐོ་ཡོང་བའི་ནུས་པ་མངོན་གསལ་དོད་པོ་ཐོན་ཐུབ། རྟག་ཏུ་སྲན་ཆེན་མེ་ཏོག་བཞད་པའི་དུས་ལ་ཏན་ལུད་ཐེངས་གཅིག་བརྒྱབ་ནས་དེའི་མེ་ཏོག་དང་ཟིའུ་ཟགས་ཚད་དམའ་རུ་གཏོང་བ་དང་ཆབས་ཅིག་སྡོང་རྐང་ཚེ་ཚད་རིང་དུ་གཏོང་དགོས་པ།

        འབྲས་བུའི་ལྗིད་ཚད་མཐོ་རུ་འགྲོ་བ། ཐོན་ཚད་མཐོར་འདེགས་བྱ་ཐུབ། སྤྱིར་བཏང་མུའུ་རེར་ཤའོ་སོན་ཨན་སྤྱི་རྒྱ་10-15འམ་གཅིིན་རྒྱུ་སྤྱི་རྒྱ་8-12རྒྱག་དགོས། སྲན་ཆེན་ལ་གང་བུ་འདོགས་ཡུན་རིང་ན་རྩ་བའི་ཕྱི་ངོས་སུ་ལུད་ཐེངས་གཅིག་གཏོར་ན་ཐོན་མཐོའི་ནུས་མངོན་གསལ་དོད་པོ་ཐོན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།