དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • གང་འདྲ་བྱས་ཏེ་རྫབ་སྙིགས་དང་རྫབ་ཁུའི་ལུད་སྤྱད་དེ་སྒོག་ཆེན་འདེབས་དགོས་སམ།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        རྫབ་སྙིགས་དང་རྫབ་ཁུའི་ལུད་སྤྱད་དེ་སྒོག་ཆེན་འདེབས་སྐབས་གཏིང་ལུད་དང་ཁ་ལུད། སྐྱུར་རྩི་བཅས་ལ་སྤྱོད་ཆོག

        (1)གཏིང་ལུད། མུའུ་རེར་རྫབ་སྙིགས་ཆན་ཁེ་2500གཏོར་རྗེས་ལམ་སེང་རྨོད་འདེབས་བྱས་ཏེ་རྫབ་སྙིགས་བསྙལ་ལངས་འདང་ངེས་ཡོང་ཐུབ་པ་དགོས། (2) ཁ་ལུད། དགུན་ཁ་མ་གྲོལ་གོང་མུའུ་རེར་རྫབ་ཁུ་ཆན་ཁེ་1500ནང་ཆུ་བསྲེས་ཏེ་ཐེངས་2གཏོར་དགོས། གཟབ་ནན་བྱེད་དགོས་པར་དཔྱིད་ཀ་ཤར་རྗེས་རྫབ་ཁུ་གཏོར་མི་ཉན། (3)སྐྱུར་རྩི། འདེབས་འཛུགས་བྱེད་སྐབས་མྱུག་འཁྲིའི་ངོས་སུ་ཞེང་ཚད་ལ་ལིའིི་སྨི་1ཙམ་དང་གཏིང་ཚད་ལ་ལིའི་སྨི་3-5ཙམ་གྱི་ཡུར་བུ་འབྲུ་བ་དང་ཡུར་བུའི་བར་ཐག་ལིའི་སྨི་15ཙམ་བཞག་རྗེས་རྫབ་ཁུ་ཡུར་བུའི་ནང་འདྲེན་པ་དང་དེ་རྗེས་སྒོག་པ་བཏབ་ནས་ས་འགེབས་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།