དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • རྫབ་སྙིགས་ལུད་རྫས་སུ་སྤྱོད་པའི་ཐབས་གཉིས།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        དང་པོ། རྫབ་སྙིགས་ཁོ་ན་གཏིང་ལུད་ལ་སྤྱོད་པ། སྟོན་དུས་སུ་རྫབ་རྫིང་གཏིང་ངོས་ནས་རྫབ་སྙིགས་བཏོན་རྗེས་(དེའི་ནང་མཁྲེགས་གཟུགས་འདུས་ཚད་10%གཡས་གཡོན་ཟིན་པ )ཐད་དཀར་གཏིང་ལུད་དུ་སྤྱད་དེ་ཞིང་ཁའི་ནང་ཐད་ཀར་གཏོར་སྒྲེམ་བྱས་རྗེས་ལམ་སེང་རྨོད་སློག་བརྒྱབ་ན་རྫབ་ལུད་ས་རྒྱུའི་ནང་འདྲེས་པ་དང་ལུས་ནུས་ཐོན་ཆེ་བས་གྲངས་ཚད་གཅིག་མཚུངས་ཀྱི་བྲེས་ལུད་དང་ནུས་པ་སྤྱིའི་ཆ་ནས་

        གཅིག་མཚུངས་ཡིན། མུའུ་རེར་ཆན་ཁེ་1000-2000རྒྱག་དགོས། གལ་ཏེ་བསྡུད་མར་ལོ་3བརྒྱབ་ན་ས་རྒྱུའི་སྐྱེ་ལྡན་དངོས་རྫས་འདུས་ཚད་མཐོ་རུ་འགྲོ་བ་དང་སྤུས་ལེགས་ས་རྒྱུའི་རིམ་པ་མཐུག་ཏུ་འགྲོ་ཐུབ།

        གཉིས་པ། རྫབ་སྙིགས་ལོ་ཏོག་གི་ཁ་ལུད་དུ་སྤྱོད་པ། རྫབ་སྙིགས་ཁ་ལུད་ལ་སྤྱོད་པའི་སྐབས་མུའུ་རེའི་སྤྱོད་ཚད་དེ་ཆད་ཁེ་1000-5000ཡིན་ཞིང་ཐད་ཀར་ཡུར་བུ་འབྲུ་བ་དང་ཁུང་བུ་བརྒྱབ་ནས་ལོ་ཏོག་གི་རྩ་བའི་ངོས་ཀྱི་མཐའ་འཁོར་ལ་རྒྱག་པ་མ་ཟད་ས་འགེབས་ནས་ལུད་ནུས་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།