དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • རྫབ་ལུད་ཀྱིས་མེ་ཏོག་འདེབས་པའི་བརྒྱུད་རིམ་ནང་གཟབ་ནན་བྱེད་དགོས་པའི་གནད་དོན་འགའ།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        (1)རྫབ་ལུད་ངེས་པར་དུ་རུལ་སྨིན་ཡག་པོ་དགོས་པ་དང་ལྷག་པར་དུ་རྫབ་སྙིགས་རུལ་སྨིན་འདང་ངེས་དགོས་ཤིང་གསར་དུ་འདོན་པའི་རྫབ་སྙིགས་ཟོམ་ནང་ཉིན་20-30ཉར་ཚགས་བྱས་རྗེས་ཡང་བསྐྱར་སྤྱོད་དགོས། (2) རྫབ་ཁུ་ཁ་ལུད་དང་ལོ་མའི་ངོས་སུ་མ་གཏོར་གོང་སྔོན་ལ་ཆུ་ཚོད་2-3འཇོག་དགོས། (3)རྫབ་ལུད་ཀྱིས་ཁོག་མའི་ནང་མེ་ཏོག་འདེབས་སྐབས་ངེས་པར་དུ་སྤྱོད་ཚད་རྩིས་དགོས་པ་ལས་སེམས་འཚབ་བྱས་ཏེ་ཚད་ལས་བརྒལ་བ་རྒྱག་མི་ཉན། གལ་ཏེ་ལུད་བརྒྱབ་རྗེས་ལོ་རྒན་ཟགས་པའི་རིགས་ཐོན་ཚེ་གར་ཚད་མཐོ་དྲགས་པས་ངེས་པར་དུ་ཆུ་གཏོར་བའམ་ས་བརྗེ་དགོས། གལ་སྲིད་ལོ་མ་གསར་པའི་མཐའ་འཁོར་དུ་ཆུ་དྲེག་གཟུགས་ཐོན་ཏེ་ཟགས་འགྲོ་ན་ཆུ་ལུད་ཀྱིས་དུག་ཕོག་པས་ལམ་སེང་ཁོག་མའི་ནང་གི་ས་བརྗེ་བ་དང་ཡལ་ག་བྲེག་པ། གྲིབ་འགོག་གསོ་ཚགས་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།