དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • འང་གུའི་སྐྱུག་བཤལ་ནད་བཅོས་ཐབས།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        འང་གུའི་སྐྱུག་བཤལ་ནད་ནི་འང་གུའི་དོས་དྲག་གི་འགོ་ནད་རིགས་ཤིག་ཡིན་ཞིང་ནད་དེའི་འབྱུང་རྩ་ནི་ཕ་སེ་ཊའི་དབྱུགས་སྲིན་ཡིན་པ་དང་ནད་དེ་འང་གུ་ཚར་མར་བགོ་བ་དང་ལྷག་པར་དུ་འང་ཕྲུག་དང་འང་གུའི་ཨ་མར་འགོས་ཤུགས་ཆེ་བ་ཡོད། ནང་དེ་ཁྱབ་སྤེལ་འགྲོ་བའི་རྒྱུ་རྐྱེན་ནི་ནད་ཡོད་པའི་འང་གུའི་བཙོག་པ་གཟན་ཆག་དང་འཐུབ་ཆུ། རྩེད་ཆས་སོགས་ཀྱི་ཐོག་འགོས་པ་དང་དེ་མིན་ནད་ཡོད་པའི་འང་གུ་དང་ནད་མེད་འང་གུ་ཕན་ཚུན་འབྲེལ་གཏུག་འབྱུང་བ་ལས་ནད་དེ་ན་བ་ཡིན་ལ་ནད་དེའི་ཁྱད་ཆོས་ནི་ནད་དུག་འགོ་མགྱོགས་པ་དང་ནད་ཚབས་ཆེ་བ། ཤི་ཚད་མགྱོགས་པོ་སོགས་ཡོད།

        བཅོས་ཐབས།

        (1)འང་གུའི་ཚང་ནང་ཕྱིན་ནས་འཕུར་ཡོང་བའི་འང་གུ་འཛུལ་དུ་མི་འཇུག་པ་དང་ནད་ཕོག་པའི་འང་གུ་ཡོད་པ་ཤེས་འཕྲལ་ལམ་སེང་ལོགས་སུ་སྨན་བཅོས་བྱེད་དགོས་ལ་འང་གུའི་ཚང་དང་རྩེད་ཆས་སོགས་ལ་དུག་སེལ་མཐར་ཕྱིན་བྱེད་དགོས། (2)ལན་མའེ་སུའུ་(འང་གུ་ནད་པ་རེར )ཁྲི་10ཡི་རྩིས་གཞིར་བཟུང་སྟེ་ཐེངས་གཅིག་ལ་ཤད་གནད་ལ་ཁབ་རྒྱག་དགོས་པ་དང་ཉིན་ལྟར་ཐེངས་རེ་དང་བསྟུད་མར་ཉིན་3-5བར་རྒྱག་དགོས། (3) ཧོང་ཨན་ཨར་ཅ་ཤི་རྨིད་གཏིང་0.5%ཚད་གཞིར་བཟུང་སྟེ་གཟན་ཆག་ནང་འདྲེས་སྦྱོར་བྱས་ཏེ་འང་གུ་ནད་པར་སྟེར་དགོས་པ་དང་བསྟུད་མར་ཉིན་5-8བར་སྟེར་དགོས། ནུས་ཆེའི་ཧོང་ཨན་ཁེ་0.25(འང་གུ་ནད་པ་རེར )ཐད་ཀར་ཐེངས་གཅིག་ལ་སྟེར་དགོས་པ་དང་ཉིན་རེར་ཐེངས་གཅིག བསྟུད་མར་ཉིན་3-5བར་སྟེར་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།