དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • ཤ་མོ་འདེབས་འཛུགས་བྱེད་པར་སྤྱོད་པའི་ལུད་རིགས་བཞི།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        གཅིག ཤ་མོའི་རྩ་བ་ལྡེ་བའི་ཁུ་བ། ཤ་མོ་བསྡུས་ཟིན་རྗེས་འཐོག་པའི་རྩ་བར་ཆུ་བླུགས་ཏེ་སྐར་མ་5ལྡེ་རྗེས་དྭངས་འཚག་བརྒྱབ་ནས་ཆུ་གཙང་མ་ལྡབ་10བླུགས་ཏེ་གཏོར་ན་ཤ་མོ་གསར་པ་སྐྱེ་འཚར་བྱེད་པར་སྐུལ་སྤེལ་ཐེབས་ཐུབ། གཉིས། གསོ་རྫས་སྦོང་བའི་ཁུ་བ། ཉི་སྐམ་བཏང་བའི་གསོ་རྫས་བསྙལ་མ་ཆུས་ལྡེ་རྗེས་དྭངས་འཚག་བརྒྱབ་ནས་ཁུ་བ་བཏོན་པའི་ནང་ཆུ་གཙང་མ་ལྡབ་10དང་ཐན་སྐྱུར་ཀལ་10%བསྣོན་ནས་གཏོར་ན་ཤ་མོའི་མྱུག་འཁྲི་ནས་ཤ་མོ་འདོན་པའི་དུས་ཚོད་འགྱངས་ཐུབ། གསུམ། མིའི་གཅིན་པ་བསྙལ་བའི་ཁུ་བ། མིའི་གཅིན་པ་སོས་པ་རང་བྱུང་བསྙལ་རྗེས་ལྡེ་ནས་དེའི་ཐོག་ཆུ་གཙང་མ་ལྡབ་10བླུགས་ཏེ་གཏོར་དགོས་པ་དང་ཡང་བསྐྱར་ཆུ་གཙང་མ་ཐེངས་1གཏོར་དགོས། བཞི། ཤ་མོ་ཐོན་མཐོ་ཡོང་བའི་ལིང་། ཤ་མོ་ཐོན་མཐོ་ཡོང་བའི་ལིང་ཤོག་ཁུག་རེར་ཆུ་གཙང་མ་ཧྲེང་25ཡིས་བཞུ་རྗེས་སྨི་ངོས་གྲུ་50ཡི་མྱུག་འཁྲིའི་ཐོག་གཏོར་ཆོག

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།