དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • འབུ་སྲིན་གསོ་ཚགས་བྱས་ཏེ་བྱ་དེར་བསྟེར་ན་སྒོ་ང་གཏོང་ཚད་མང་དུ་འགྲོ་ཐུབ།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        གྲོང་གསེབ་དུད་ཚང་གི་སྒོ་རྭའི་ནང་གཏིང་ཚད་ལིའི་སྨི་30-40དང་ཞེང་ཚད་ལིའི་སྨི་50-60ཙམ་གྱི་ཤིང་སྒྲོམ་བཟོས་ཏེ་དེའི་ནང་ཤིང་ཕྱེ་གསུམ་ཆ་གཉིས་ཙམ་བླུགས་ནས་ཉིན་1-2བཞག་རྗེས་དེའི་ཐོག་ཉིན་རེ་ཞོགས་པ་དང་། ཉིན་གུང་། དགོང་མོ་བཅས་དུས་གསུམ་ལ་འབྲས་ཁུ་དང་ཕྱུར་བ་རུལ་པ་ཉིན་གསུམ་བསྡུད་མར་བླུགས་ནས་ཤིང་སྒྲོམ་གྱི་ཁ་བརྒྱབ་སྟེ་གཟའ་འཁོར་1-2བཞག་རྗེས་ལྟ་དུས་ཤིང་སྒྲོམ་ནང་འབུ་སྲིན་རིང་ཐུང་ལིའི་སྨི་1-2བྱས་པ་མང་དག་སྐྱེ་འཚར་བྱུང་ཡོད་པ་དེ་དག་བྱ་དེའི་ལྟོ་སྣོད་ནང་འོས་འཚམ་བླུགས་ཏེ་བསྟེར་ན་བྱ་དེའི་སྒོ་ང་གཏོང་ཚད་ཇེ་མང་དུ་འགྲོ་ཐུབ། འབུ་དམར་གསོས་ཏེ་སྟེར་ཐབས། སྤང་ལེབ་མཐུག་ཚད་ལིའི་སྨི་40དང་ཞེང་ཚད་སྨི་1རིང་ཚད་སྨི་3ཞིག་ནང་ཆུ་རྫིང་གི་མཐའ་ལ་ཡོད་པའི་ས་རྒྱུ་རློན་པ་མཐུག་ཚད་ལིའི་སྨི་30-40བླུགས་རྗེས་དེའི་སྟེང་ཕུག་རོན་གྱི་བྱ་བྲུན་ཕྱེ་མ་གཏོར་ནས་གཞག་ན་ཉིན་10-15མཚམས་སུ་འབུ་དམར་མང་པོ་སྐྱེ་འཚར་བྱ་ཐུབ་པས་དེ་དག་བྱ་མོར་བསྟེར་ན་སྒོ་ང་ཆེ་རུ་འགྲོ་བའི་ཁར་སྒོ་ང་གཏོང་ཚད་མང་དུ་འགྲོ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།