དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ཉེར་མཁོའི་ལག་རྩལ།
  • དབྱར་དུས་སུ་ཕྱུགས་ལ་ཞིང་སྨན་གྱི་དུག་ཕོག་པ་བཅོས་ཐབས་འགའ།

  • ཡོང་ཁུངས།  བོད་ལྗོངས་ཚན་རྩལ་ཚགས་པར།   |     སྤེལ་དུས།  2015-05-08

        དབྱར་དུས་ཞིང་ནང་གི་ལོ་ཏོག་ལ་ཞིང་སྨན་བརྒྱབ་རྗེས་ཆར་པ་བཏང་ན་ཞིང་སྨན་ཆར་ཆུས་འཁྱེར་ནས་ཞིང་ཁའི་མུ་ཁར་སྐྱེས་པའི་རྩྭ་ལ་ཚོས་པ་དེ་དག་བ་ཕྱུགས་ཀྱིས་བཟའ་ན་དུག་ཕོག་སྲིད། བ་ཕྱུགས་ལ་ཞིང་སྨན་གྱི་དུག་ཕོག་པའི་མངོན་རྟགས་ནི་འཇུ་ལམ་མི་བདེ་བར་ཁ་ཆུ་ཡང་ཡང་འཛག་པ་དང་། གྲོད་པ་བཤལ་བ། གྲོད་པ་སྤོས་པ་སོགས་ཀྱི་ནད་རྟགས་ཐོན་ཞིང་ཉིན་གང་ཉལ་ནས་སྡོད་ཀྱི་ཡོད། དུག་སྐྱོན་ཕོག་པའི་ཕྱུགས་རིགས་མྱུར་སྐྱོབ་བྱ་དགོས་ན་ངེས་པར་དུ་སྨན་ལིའུ་སོན་ཐུང་0.8%-1%གི་ནང་ཆུ་དྲོད་འཇམ་ཕྲན་བུ་འདྲེས་སྦྱོར་བྱས་ཏེ་ཁའི་ནང་བླུག་དགོས། ཡང་ཞིང་སྨན་འབུ་བརྒྱ་གསོད་སྨན་དང་ལོ་གོ དེ་བཞིན་ཏི་ཏི་ཝུའི་ཡི་དུག་སྐྱོན་ཕོག་ཚེ་སྨན་ཁབ་ཨ་ཐོའུ་ཕིང་ངམ་ཅིང་ལིང་ཏིང་གང་རུང་བརྒྱབ་ན་དྲག་སྐྱེས་མྱུར་པོ་ཡོང་ཐུབ་བོ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།