དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • “ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན”

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-08

    ན་ནིང་ཟླ་9པར་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་མར“འགན་ལེན་གསུམ”གྱི་ཚད་གཞི་གསར་པ་ལག་བསྟར་བྱེད་འགོ་ཚུགས་ཤིང་། སློབ་དུས་གསར་པ་དང་འགོ་འཛུགས་ས་གསར་པར་སྲིད་ཇུས་བཟང་པོ་དངོས་སུ་བཏོན་པ་དེས་རྒྱ་ཆེའི་སློབ་མས་སློབ་སྦྱོང་ལ་དེ་བས་བློ་རྩེ་གཅིག་སྒྲིམ་དང་མི་ཚང་མས་འདྲ་མཉམ་ངང་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་འགན་སྲུང་ཏན་ཏིག་ཐུབ་ཡོད་པ་རེད།

    རང་སྐྱོང་ལྗོངས་སློབ་གསོ་ཐིང་ནོར་དོན་ཁྲུའུ་ཡི་འགན་ཁུར་མི་སྣས“‘འགན་ལེན་གསུམ’ནི་གཙོ་བོ་རང་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཤིག་ཡིན་པ་དང་། སྲིད་ཇུས་དེ་ལོངས་སྤྱོད་བྱེད་ཐུབ་མིན་དེ་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཡིན་མིན་ལ་བལྟ་དགོས། ཡིག་ཆའི་ནང་གི་གཏན་འབེབས་གཞིར་བཟུང་། ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཁོ་ནས་མ་གཏོགས‘འགན་ལེན་གསུམ’གྱི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གི་མེད། མིག་སྔར་རང་ལྗོངས་ཀྱི‘འགན་ལེན་གསུམ’གྱི་ཚད་གཞི་ནི་ས་བབ་རིམ་པ་གཉིས་པའི་ཁུལ་གྱི་སློབ་མར་ལོར་ཆ་སྙོམས་སྒོར་2600དང་། རིམ་པ་གསུམ་པའི་ཁུལ་གྱི་སློབ་མར་ལོར་ཆ་སྙོམས་སྒོར་2700 རིམ་པ་བཞི་པའི་ཁུལ་ལམ་མཐའ་མཚམས་རྫོང་གི་སློབ་མར་ལོར་ཆ་སྙོམས་སྒོར་2800བཅས་ཡིན་པ་རེད། གཞན་ཡང་། 2014ལོའི་སྟོན་དུས་ནས་བཟུང་རང་ལྗོངས་ཀྱིས་ཡང་བསྐྱར་རིམ་པ་ཕྱེ་བའི་ཁུལ་དུ་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི‘འགན་ལེན་གསུམ’དང་སློབ་སྐྱོར་རོགས་དངུལ་གྱི་ཚད་གཞི་སྒོར་200མཐོ་རུ་བཏང་ཡོད། ལེགས་སྒྲིག་བྱས་རྗེས་ཀྱི་ཚད་གཞི་ནི་རིམ་པ་གཉིས་པའི་ཁུལ་གྱི་སློབ་མར་ལོར་ཆ་སྙོམས་སྒོར་2800དང་། རིམ་པ་གསུམ་པའི་ཁུལ་གྱི་སློབ་མར་ཆ་སྙོམས་སྒོར་2900 རིམ་པ་བཞི་པའི་ཁུལ་ལམ་མཐའ་མཚམས་རྫོང་གི་སློབ་མར་ལོར་ཆ་སྙོམས་སྒོར་3000བཅས་ཡིན་པ་རེད། ཧའེ་ཁྲེང་སློབ་ཆུང་དུ་སློབ་གྲྭར་འགྲོ་མུས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་ལྷ་ས་གྲོང་ཁྱེར་གྱི་ཚད་གཞི་ལྟར་སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་2600ཡོད་པ་དང་། ན་ནིང་སྟོན་དུས་སུ་ཚད་གཞི་མཐོ་རུ་བཏང་རྗེས་སློབ་མ་རེར་ལོར་ཆ་སྙོམས་སྒོར་2800ཟིན་གྱི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “འགན་ལེན་གསུམ”གྱི་འགྲོ་གྲོན་དེ་ལོ་ལྟར་སློབ་གསོ་ཐིང་དང་ནོར་སྲིད་ཐིང་གིས་མཉམ་འབྲེལ་ཐོག་ས་ཁུལ་དང་གྲོང་ཁྱེར་ཁག་ལ་སྤྲོད་པ་དང་། ས་ཁུལ་གྲོང་ཁྱེར་ཁག་གི་སློབ་གསོ་ཅུས་ཀྱིས་སློབ་གྲྭ་ཁག་ལ་སྤྲད་རྗེས་སློབ་གྲྭས་ཡིག་ཆའི་ནང་གི་གཏན་འབེབས་ལྟར་སྤྱོད་ཀྱི་ཡོད། སློབ་གསོ་ཐིང་གིས་ལོ་ལྟར་འབྲེལ་ཡོད་མི་སྣ་མངགས་ནས་ས་ཁུལ་གྲོང་ཁྱེར་ཁག་གི་སློབ་གྲྭའི“འགན་ལེན་གསུམ”གྱི་འགྲོ་གྲོན་སྤྱོད་ཚུལ་ལ་རྩིས་བཤེར་དང་ལྟ་སྐུལ་བྱས་ཏེ་འགྲོ་གྲོན་དུས་ཐོག་དང་གྲངས་ཚང་ངང་དམིགས་སར་དོན་འཁྱོལ་ཡོང་རྒྱུ་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།