དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བཟའ་སྤྱོད་སྣུམ་ཉར་ཚགས་གང་འདྲ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-08

    བཟའ་སྤྱོད་སྣུམ་ཉར་ཚགས་ལུགས་མཐུན་མ་བྱུང་ན་ངོ་བོ་འགྱུར་ནས་དྲི་མ་ངན་པོ་ཁ་བ་དང་། ཚལ་གྱི་བྲོ་བ་འགྱུར་བ། དེ་བས་མིའི་ལུས་པོར་གནོད་ཚབས་ཆེ་བའི་དངོས་རྒྱུ་དུ་མ་ཐོན་གྱི་ཡོད། དེར་བརྟེན་ང་ཚོས་གང་འདྲ་བྱས་ནས་བཟའ་སྣུམ་ཉར་ཚགས་བྱེད་དགོས་སམ་ཞེ་ན།

    གཅིག བླུགས་སྣོད་ལ་དོ་སྣང་བྱེད་དགོས། བཟའ་སྣུམ་བླུག་བྱེད་ཀྱི་སྣོད་ཆས་ཡག་ཤོས་ནི་རྫ་མའི་རིགས་དང་དཀར་ཡོལ་གྱི་སྣོད། ཚོན་མདོག་སྣུམ་པའི་ཤེལ་བུམ་སོགས་ཡིན། འགྱིག་དམ་དང་ལྕགས་ཆས་རིགས། ཕྱི་གསལ་ནང་གསལ་གྱི་ཤེལ་བུམ་སོགས་ནང་བཟའ་སྣུམ་བླུག་རྒྱུ་མེད།

    གཉིས། ཉར་འཇོག་བྱེད་པའི་ཁོར་ཡུག་ལ་དོ་སྣང་བྱེད་དགོས། བཟའ་སྣུམ་རིགས་ཉར་འཇོག་བྱེད་སའི་ཁོར་ཡུག་གི་ཆ་རྐྱེན་ནི་སྐམ་ཤས་ཆེ་ལ། གྲིབ་བསིལ་ཁུལ་དུ་འཇོག་དགོས། བཟའ་སྣུམ་བླུགས་སྣོད་ལ་ཉི་འོད་མི་ཕོག་པ་བྱེད་པ་དང་ཚ་བ་ཆེ་སར་དེ་བས་འཇོག་རྒྱུ་མེད།

    གསུམ། སྣུམ་བླུགས་སྣོད་ཀྱི་གཙང་སྦྲར་དོ་སྣང་བྱེད་དགོས། སྣུམ་བླུགས་སྣོད་ནང་དུ་ཆུ་དང་དངོས་པོ་གཞན་མི་འཛུལ་བ་བྱེད་དགོས་པ་དང་། སྣུམ་རྫོགས་ཤུལ་གྱི་སྣུམ་སྙིགས་གཙང་མ་མ་བཟོས་གོང་ཡང་བསྐྱར་སྣུམ་གསར་པ་བླུག་རྒྱུ་མེད་ཅིང་། སྣུམ་རྙིང་པའི་ནང་སྣུམ་གསར་པ་བསྲེས་ནས་བླུག་རྒྱུ་ཡང་མེད།

    བཞི། ཆ་རྐྱེན་ཡོད་པ་དང་དད་དོད་བྱེད་མཁན་ཚོས་བཟའ་སྣུམ་འབོར་ཚད་སྟོང་ཁེ་རེའི་ནང་འཚོ་རྒྱུ་ཅ་པ་རིལ་བུ་རེ་བླུགས་ན་འཚོ་རྒྱུ་ཅ་པས་དབྱང་འགྱུར་འགོག་པའི་ནུས་པ་ཐོན་པས་སྣུམ་གྱི་འཚོ་བཅུད་འགན་ལེན་བྱེད་ཐུབ།

    ལྔ། ཡག་ཤོས་བྱུང་ན་སྣུམ་བླུགས་སའི་སྣོད་ཆས་ཀྱི་ཁ་བཙན་པོ་དགོས་པ་དང་། སྣུམ་སྤྱོད་ཐེངས་རེའི་རྗེས་སུ་སྣོད་ཆས་ཀྱི་ཁ་བཙན་པོ་བརྒྱབ་ནས་ཉར་ཚགས་བྱེད་དགོས། དེ་འདྲ་བྱས་ན་སྣུམ་དང་མཁའ་རླུང་རེག་ཐུག་བྱེད་པའི་གོ་སྐབས་ཉུང་དུ་ཕྱིན་ཏེ་སྣུམ་དབྱང་འགྱུར་བྱས་ནས་ངོ་བོ་འགྱུར་བའི་གནས་ཚུལ་སྔོན་འགོག་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།