དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གློག་ཀླད་སྤྱོད་ཡུན་རིང་ན་མིའི་ལུས་ཕུང་ལ་གནོད་པ་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-28

    གློག་ཀླད་ནི་དེང་རབས་སྤྱི་ཚོགས་གསར་བའི་ཁྲོད་དུ་མིའི་རིགས་ཀྱིས་བཀོལ་རྒྱ་ཧ་ཅང་ཆེ་བའི་ལག་ཆ་རྩལ་ཆེན་ཞིག་ཡིན་ཞིང་། འཚོ་བའི་སྤྱོད་སྒོ་དང་འབྲལ་དུ་མི་རུང་བའི་དངོས་པོ་འགངས་ཆེན་ཞིག་ཀྱང་ཡིན།ང་ཚོས་གློག་ཀླད་སྤྱོད་ཤེས་བཀོལ་ཤེས་བྱ་རྒྱུ་ནི་འཚོ་བའི་ཁྲོད་ངེས་པར་དུ་ཡིད་འཇོག་བྱ་དགོས་པའི་གནད་ཞིག་ཡིན་ནའང་།མི་ལ་ལས་ཉིན་མོར་མཚན་མཐུད་དེ་གློག་ཀླད་སྤྱད་ནས་ཐ་ན་ཇ་ཁ་གསུམ་པོར་ཟས་ཟ་རྒྱུའང་བརྗེད་འདུགའོ་ན་གློག་ཀླད་སྤྱོད་ཡུན་རིང་ན་མིའི་ལུས་ཕུང་ལ་གནོད་པ་གང་དག་ཡོད་ཆེ་ན།

    མི་རྣམས་ཀྱིས་གློག་ཀླད་བཀོལ་ཡུན་རིང་དྲགས་ཚེ། མགོ་ན་ཞིང་མིག་ཟུང་སྐམ་པོར་གྱུར་ནས། མིག་གི་ནུས་ཤུགས་རབ་རིབ་ཏུ་འགྱུར་བའི་ཁར།དཔུང་བ་དང་རུས་ཚིགས་སོ་སོ་ན་ཟུག་སྐྱེས་པའི་རྟགས་འབྱུང་བ་རེད།དོན་དམ་དུ་དེ་ནི་གློག་ཀླད་ལ་འགྱེད་འཕྲོའི་ནུས་པའི་ཤུགས་ཧ་ཅང་ཆེ་བ་མ་ཟད་དུས་ཡུན་རིང་བོའི་ནང་དུ་འདུག་སྟེགས་གཅིག་ནས་ལུས་ཀྱི་བཟོ་ལྟ་ཡང་མ་འགྱུར་བར་སྡོད་ཡུན་རིང་དྲགས་པའི་རྐྱེན་གྱིས་གོང་གི་ན་རྟགས་དེ་དག་འབྱུང་བ་རེད།དེས་ན་ང་ཚོས་རྒྱུན་དུ་གློག་ཀླད་བཀོལ་སྤྱོད་བྱེད་དུས་དུས་ཚོད་ཀྱི་མཚམས་ཚིགས་ཕྱེ་ནས་ལུས་ཕུང་ལ་གནོད་པར་གཟབ་གཟབ་སྒོས་སྔོན་འགོག་བྱས་ན་བཟང་།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།