དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་དེ་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བཅུ་ཆ་གསུམ་གྱིས་མཐོ་བ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-24

     གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར། 2014ལོར་བོད་ཀྱི་མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་དེ་སྒོར་45ཟིན་ནས་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་སྒོར་10ཡིས་མཐོ་བ་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཕུར་བུ་སྒྲོལ་མས་བོད་ཀྱིས་2014ལོར་རེས་སྐོར་གསུམ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་དེ་བཞིན་སྒྲིག་ཁོངས་ནང་ཚུད་པའི་གྲྭ་བཙུན་ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་པ་དང་གཟུགས་པོར་བརྟག་དཔྱད་བྱེད་མཁན་གྱི་མི་འབོར་ཁྲི་276ཙམ་ཟིན་ཡོད་པ་དང་། སྐྱ་འགྲིབ་ཕོག་པའི་ནད་པ་4471ལ་རིན་མེད་སྨན་བཅོས་བྱས་པ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་བཅོས་བྱ་རྒྱུ་དེ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྒྱུན་གཏན་གྱི་ལས་དོན་ནང་བཞག་པ་དང་འབྲེལ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་བཅོས་བྱས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་། གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། ཤང་གྲོང་འཕྲོད་བསྟེན་ཁང་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་གྲོང་མི་ཡོངས་ལ་མཁོ་འདོན་བྱེད་པའི་ཞབས་ཞུ་ཞིག་ཡིན་པ་མ་ཟད། སྤྱི་ཕན་རང་བཞིན་གྱི་སྤྱི་པའི་འཕྲོད་བསྟེན་ལ་ཐེ་ཇུས་བྱེད་པའི་བྱེད་ཐབས་ཤིག་ཡིན་པ་དང་འབྲེལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཐོན་ཡོད།

    ཕུར་བུ་སྒྲོལ་མས་ད་ཕན་ལོ་ཤས་རིང་བོད་ཀྱིས་འགོས་ནད་རང་བཞིན་གྱི་རིམས་ནད་ལ་ལྟ་ཞིབ་ཚད་ལེན་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་ན་ནིང་འགོས་ནད་ཐོན་ཚད་340.18/ཁྲི་10བར་དང་ཤི་ཚད་0.74/ཁྲི་10བར་ཡིན་པ་དང་། ལྗོངས་ཡོངས་ཀྱི་རུས་པ་ཚིགས་ཆེན་གྱི་ནད་ལ་བརྟག་དཔྱད་བྱས་པ་དང་རུས་པ་ཚིགས་ཆེན་གྱི་ནད་ཕོག་པའི་བྱིས་པ་2011ལོའི་38%ནས་6%བར་ཆག་པ། ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་དང་འཐུང་ཆུའི་འཕྲོད་བསྟེན་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་སྤེལ་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་ཞིང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་རིམ་གྱིས་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།