དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོདརང་ལྗོངས་ཀྱིས་ཕག་པ་བཤས་ར་གཙོ་བོར་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-21

    སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་སུའོ་ཡི་ཁྲིམས་འཛིན་བྱ་ཚུལ་སྔར་བས་ནན་དུ་གཏོང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་སྲོག་ཆགས་འཕྲོད་བསྟེན་དང་རྩི་ཤིང་རིམས་ནད་ཞིབ་བཤེར་ལྟ་སྐུལ་སུའོ་ཡིས་མི་སྣ་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཕག་པ་བཤས་ར་གཅིག་པུ་དེར་གློ་བུར་དུ་ཞིབ་བཤེར་བྱས་པ་རེད། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཞིབ་བཤེར་ནང་ཆུ་རྒྱོང་ཕག་ཤ་དང་ཤི་ཕག་བཤས་པ་སོགས་ཁྲིམས་འགལ་བྱ་སྤྱོད་སྤེལ་བ་ཤེས་རྟོགས་བྱུང་མེད་པ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་བཤས་རའི་ཕག་པ་ཡོང་ཁུངས་དང་། ཉིན་རེའི་བཤས་འབོར། ཕག་པའི་རིམས་ནད་ཞིབ་བཤེར་བརྒྱུད་རིམ་སོགས་ཀྱི་གནས་ཚུལ་ལྟ་ཞིབ་ཞིབ་ཕྲ་བྱས་པ་དང་འབྲེལ་བཤས་བཏང་ནས་ཁྲོམ་རའི་ཐོག་སྟོན་ཉེར་ཡོད་པའི་ཕག་པའི་བདེ་ཐང་གི་གནས་ཚུལ་ཡང་རྟོག་ཞིབ་བྱས་པ་རེད།

    དུས་མཚུངས་སུ་ཞིབ་བཤེར་ཚོགས་ཆུང་གིས་བཤས་རའི་སྒྲིག་བཀོད་དོ་དམ་ཐད་ལྷག་པའི་གནད་དོན་དུས་བཀག་བཞིན་བཅོས་སྒྲིག་བྱེད་དགོས་པའི་བསམ་འཆར་ཡང་བཏོན་་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།