བ་དམ་ནི་འབྲས་བུའི་རང་བཞིན་གྱི་སྐྱེ་དངོས་ཤིག་ཡིན་པས་དེར་འཚོ་བཅུད་དང་སྨན་བཅོས་རིན་ཐང་ཆེན་པོ་ཡོད་ལ་འཚོ་རྒྱུ་ལྡན་ཚད་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་། བ་དམ་ནང་སྤྲི་དཀར་ལྡན་ཚད་32%ཙམ་ཟིན་གྱི་ཡོད་པ་དེ་གྲོ་ལས་ལྡབ་2ཀྱིས་མང་བ་དང་འབྲས་ལས་ལྡབ་3གྱིས་མང་བ། མ་རྨོས་ལོ་ཏོག་ལས་ལྡབ་4ཡིས་མང་བ་འདུས་ཡོད། ལྷག་པར་དུ་བ་དམ་གྱི་སྤྲི་དཀར་དེ་མིའི་གཟུགས་པོར་འཇུ་བདེ་བས་འཇུ་ཚད་ཧ་ལམ་90%ཡས་མས་ཟིན་ནོ། བ་དམ་ནི་དྲོད་ལྡན་རང་བཞིན་གྱི་ཟས་རིགས་ཤིག་ཡིན་པས་དྲོད་ཚད་དེ་ཤ་རིགས་ལས་མཐོ་བ་དང་བྱ་སྒོང་ལས་40%ཙམ་གྱིས་མཐོ་བ་ཡོད། དེར་བརྟེན་བ་དམ་ནི་སྲན་ཆེན་དང་གཉིས་སུ་མ་མཆིས་པའི་འཚོ་བཅུད་ཕུན་སུམ་ཚོགས་པའི་ཟས་རིགས་ཤིག་རེད།
བ་དམ་ལ་དེ་ལྟ་བུའི་འཚོ་བཅུད་རིན་ཐང་ལྡན་པ་མ་ཟད་སྨན་བཅོས་ཀྱི་རིན་ཐང་ཡང་ཆེན་པོ་ལྡན་ཡོད་པ་སྟེ། བ་དམ་ནི་ཀྲུང་ལུགས་སྨན་རྫས་བཟོ་བྱེད་ཀྱི་སྨན་རྒྱུ་ཞིག་ཡིན་པ་སྨན་གཞུང་ནང་འཁོད་ཡོད་ཅིང་། བ་དམ་བཟས་ན་ལུས་སྟོབས་འཕེལ་བར་དེ་བས་ནུས་པ་ཆེན་པོ་ལྡན་ཡོད། དེང་དུས་གསོ་རིག་ཐད་ལའང་བ་དམ་གྱི་ནང་རྩི་དང་པགས་པ་སྨན་སྦྱོར་ལ་འགྲོ་བ་མ་ཟད་བ་དམ་ཕྱི་ངོས་ཀྱི་པགས་པའི་ཁ་དོག་དམར་ནག་དེ་ཕན་ནུས་ལྡན་པའི་སྨན་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད།