དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཡ་མཚན་ཆེ་བའི་གད་སྙིགས་བླུགས་སྣོད།

  • ཡོང་ཁུངས།  ​ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-02

    པི་ལི་ཧྲི་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་མི་སྣས་ཡ་མཚན་ཆེ་བའི་གད་སྙིགས་བླུགས་སྣོད་གསར་བ་ཞིག་གསར་གཏོད་བྱས་ཡོད་པ་རེད། གད་སྙིགས་བླུགས་སྣོད་དེ་ཕྱི་དབྱིབས་ནས་བལྟས་ན་སྤྱི་གླིང་གི་སྤྱི་གླིང་དོ་རྭར་ཡོད་པའི་གད་སྙིགས་བླུགས་སྣོད་དེའི་ནང་དུ་དམིགས་བསལ་གྱི་གློག་ཀླད་ཀྱི་ནུས་པ་ཞིག་ལྡན་ཡོད་པ་རེད། གད་སྙིགས་བླུགས་སྣོད་དེའིི་ནང་དུ་གད་སྙིགས་ཆེ་ཆུང་གང་བླུགས་ཀྱང་གད་སྙིགས་བླུགས་སྣོད་དེའི་ནང་ནས་འཕྲལ་དུ་ཁྱེད་ཀྱི་བྱ་སྤྱོད་དེ་ཤིན་ཏུ་བཟང་ཞེས་དང་ཡང་ན་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་སོགས་ཤོད་ཀྱི་ཡོད་པ་རེད། གད་སྙིགས་བླུགས་སྣོད་དེ་མི་མང་ཆེ་བས་དགའ་པོ་བྱེད་ཀྱི་ཡོད་པར་བརྟེན་པི་ལི་ཧྲི་སྲིད་གཞུང་ནས་སྤྱི་པའི་དོ་ར་མང་ཆེ་བར་དམིགས་བསལ་བླུགས་སྣོད་དེ་འཇོག་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།