དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དགུན་དུས་གཡག་ལ་གཡོག་བྱེད་སྟངས།

  •     སྤེལ་དུས།  2015-04-02

    གཡག་ནི་ཤ་དང་་ལས་བཀོལ་གཉིས་སྤྱོད་ཀྱི་ཕྱུགས་ཟོག་ཅིག་ཡིན་ཞིང་གཟུགས་ཤེད་བཟང་ལ་ནད་འགོག་ནུས་པ་ཆེ་བ་དང་གྲང་ངར་བཟོད་ཐུབ་པའི་ཁྱད་ཆོས་བཟང་པོ་ལྡན་ཡོད། ཇི་ལྟར་བྱས་ནས་གཡག་རྣམས་དགུན་གྱི་དུས་ཡུན་རིང་པོ་དེ་བདེ་བླག་ངང་འཁྱོལ་ཐུབ་པ་བྱེད་དགོས་ཞེ་ན། 1.ཚོང་ཟོག་དཔལ་འབྱོར་གྱི་ལྟ་ཚུལ་མཐོ་རུ་གཏོང་དགོས། ལོ་ལྟར་བཤས་གཏོང་བའི་མགོ་གྲངས་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་གཡག་རྒན་དང་། ཤེད་མོ་སྐྱོ་བ། དེ་བཞིན་བེའུ་མི་སྐྱེ་བའི་འབྲི་མ་རྣམས་རིམ་བཞིན་བཤས་བཏང་ནས་ཕྱུགས་ཟོག་དང་རྩྭ་རྭའི་འགལ་ཟླ་སྙོམས་པོ་ཡོང་བ་བྱེད་དགོས། 2.དགུན་དུས་ཀྱི་གཟན་རྩྭ་གྲ་སྒྲིག་ཡག་པོ་ཡོང་བ་བྱེད་དགོས། འབྲོག་ཁུལ་དུ་གྲང་ངར་ཆེ་བའི་ཁབ་བུ་ཡུག་འཚུབ་པས་རྩྭ་མཐུག་པོ་མེད་པ་དང་རྩྭ་རིང་པོ་མེད་པས་ཡུལ་བབ་དང་བསྟུན་ནས་སྤུས་ཚད་ལེགས་པའི་རྩྭ་གྲ་སྒྲིག་བྱ་ན་འགྲིག 3.འོས་འཚམ་གྱིས་རྩྭ་རྭ་བེད་སྤྱོད་བྱེད་པ་དང་སྔོན་ལ་ཐག་རིང་ས་དང་རི་མཐོ་སའི་རྩྭ་བེད་སྤྱོད་་བྱས་ནས་ར་བ་བསྐོར་བའི་རྩྭ་རྭ་བདག་ཉར་བྱེད་དགོས། ཕྱུགས་ཟོག་རྩྭ་རྭར་འཚོ་སྐབས་སྔོན་ལ་ཤེད་མོ་ཡག་པ་དང་། སྟོབས་ཆེ་བ།ཕོ་ཕྱུགས་བཅས་གློད་པ་དང་དེ་རྗེས་ཤེད་མོ་སྐྱོ་བ་དང་སྟོབས་ཞན་པ། མོ་ཕྱུགས་རྣམས་གློད་པ་དང་དུས་མཚུངས་འཆར་གཞི་ཡོད་པའི་སྒོ་ནས་རྭ་བ་བསྐོར་བའི་རྩྭ་རྭར་འཚོ་དགོས། 4.གློ་བུར་དུ་གནམ་གཤིས་འགྱུར་ལྡོག་ཤུགས་ཆེ་འགྲོ་བའི་གྲ་སྒྲིག་བྱེད་དགོས་པ་དང་རླུང་ཆེན་པོ་དང་གངས་སྐྱོན་ཡོང་ཉེན་ཡོད་སྐབས་འཕྲལ་དུ་གནས་སྤོ་བྱས་ཏེ་རང་བྱུང་གནོད་འཚེའི་གྱོང་གུན་མི་ཕོག་པ་བྱེད་དགོས། 5.དགུན་སྒྲོལ་གྱི་ཕྱུགས་རྭ་བརྒྱབ་ནས་དགུན་དུས་མི་འཁྱགས་པ་དང་ཉི་འོད་ཡོད་པ།ཕྱུགས་རྭ་སྐམ་པོར་གནས་ཐུབ་པར་དོ་སྣང་བྱེད་དགོས་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།