དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཆུ་ནི་ཚེ་སྲོག་གི་གྲུབ་ཆ་ཡིན་ཞེས་བརྗོད་དགོས་དོན་གང་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-02

    ཆུ་ནི་རྫས་འགྱུར་གྱི་གཞི་རྒྱུ་ཆིང་དང་དབྱང་གཉིས་ཀྱི་རྡུལ་ཕྲན་ལས་གྲུབ་པ་ཡིན་པས་བཞུར་བའི་ནུས་པ་ཆེན་པོ་ལྡན་ལ་ཆུའི་མཁའ་ངོས་ཀྱི་རླབས་ཤུགས་ཆེ་བས་མི་དང་སྐྱེ་ཁམས་སྤྱིའི་རྩ་ཕྲན་བརྒྱུད་དེ་གསོན་ཤུགས་ཀྱི་རྒྱུན་འཕེལ་བ་བྱེད་ཀྱི་ཡོད། ཆུས་རྩི་ཤིང་ལ་མཁོ་བའི་ས་རྒྱུའི་ནང་གི་འཚོ་བཅུད་སྣ་ཚོགས་བཞུར་བའི་དོན་བྱས་ཏེ་རྩི་ཤིང་རྩ་བའི་ཉག་ཕྲའི་བུ་ག་བརྒྱུད་དེ་རྒྱུན་ཆད་མེད་པར་ཡན་ལག་ཡོངས་ལ་འཚོ་བཅུད་འདྲེན་སྐྱེལ་གྱིས་འོད་སྦྱོར་བྱེད་ལས་རྩོམ་པས་རྩི་ཤིང་ལོ་འདབ་རྒྱས་པ་དང་ལོ་ཏོག་འབྲས་བུའི་ཁུར་གྱི་ལྕི་བར་བྱེད་པ། མིའི་རིགས་ཀྱི་ཉིན་རེའི་བཟའ་བཅའི་ཁྲོད་ཀྱི་མངར་ཆ་དང་སྤྲི་དཀར།ཚི་ལུ།འཚོ་རྒྱུ་དེ་བཞིན་འཚོ་བཅུད་གཞན་རྣམས་ངེས་པར་དུ་ཆུའི་བྱེད་ལས་ལ་བརྟེན་ནས་ལུས་པོའི་ནང་བསྡུ་རུབ་བྱེད་པས་ཆུ་ནི་སྲོག་ཆགས་དང་རྩི་ཤིང་ཀུན་ལ་མེད་ཐབས་མེད་པའི་ཚེ་སྲོག་གི་ཆ་ཤས་ཤིག་ཡིན། ཤོད་རྒྱུན་དུ་མིའི་རིགས་འབྲུ་རིགས་ཆད་ནས་ཉིན་ལྔ་དྲུག་སོང་ཡང་གསོན་པོར་འཚོ་ཐུབ་ཡོད། ཆུ་ཆད་ནས་ཉིན་གསུམ་ཡང་འཚོ་མི་ཐུབ་ཅེས་པ་དེ་དོན་དང་ལྡན། ཆུའི་ཐུན་མོང་མ་ཡིན་པའི་བཞུར་ནུས་དང་འདེད་ནུས་ཀྱིས་རང་བྱུང་ཁམས་ཀྱི་བཙོག་ལུད་དང་རྩི་ཤིང་རིགས་ཀྱི་རུལ་ཏོ། སྲོག་ཆགས་ཀྱི་ཕོང་རུས། མིའི་ལུས་པོའི་སྦགས་བཙོག་སོགས་ཆར་ཆུས་སྦོང་བ་དང་རྒྱུག་ཆུས་དེད་དེ་ཆུའི་ནང་གཙང་སེལ་བྱེད་པས་ཆུ་ནི་ས་གཞི་རིལ་མོ་གཙང་སེལ་བྱེད་མཁན་ནུས་ཤུགས་ཆེ་ཤོས་ཤིག་ཀྱང་རེད། གལ་ཏེ་ཆར་ཆུ་དང་རྒྱུག་ཆུ་སོགས་གཙང་སེལ་བྱེད་པོ་མེད་ན་ས་གཞི་རིལ་མོ་སྔ་ས་ནས་ཟོག་རོའི་བང་རིམ་གྱིས་བཀབ་ནས་མི་རྣམས་ཀྱི་འཚོ་གནས་ཁོར་ཡུག་དང་ཚེ་སྲོག་བདེ་ཐང་ལ་འགོག་རྐྱེན་ཆེན་པོ་བཟོ་བས་ཆུ་ནི་ཚེ་སྲོག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་ངེས་ཤེས་བརྟན་པོ་དགོས་སོ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།