དུག་ཕོག་པའི་ནད་རྟགས། སྐྱུག་པ་དང་བཤལ་བ། ཉལ་ལངས་རྒྱུན་གཏན་མིན་པ། གོམ་བགྲོད་འཁྱོར་བ། དབུགས་རྔུབ་ལེན་དཀའ་བ། མིག་གི་རྒྱལ་མོ་ཆེ་རུ་ཕྱིན་པ། ཤ་གནད་བརྡར་བ། སུག་བཞིའི་ཉྭ་འཆུས་པ་སོགས་མངོན་ཅིང་གལ་ཏེ་དུས་ཐོག་ཏུ་མྱུར་སྐྱོབ་མ་བྱས་ཚེ་ཤི་ཉེན་ཡོད།
འགོག་བཅོས་བྱ་ཐབས། ༡.པད་ཚལ་ཉར་ཚགས་བྱེད་སྐབས་བཀྲམ་དགོས་པ་ལས་སྤུངས་རྒྱུ་མེད་ཅིང་དེས་ཡྰ་ཤའོ་སོན་ཡན་ཕོན་ཆེན་ཐོན་གྱི་ཡོད། ༢.པད་ཚལ་ཕག་པའི་གཟན་ཆག་ལ་སྤྱོད་སྐབས་ཡག་ཤོས་བྱུང་ན་སོས་པོར་སྟེར་དགོས་པ་དང་གལ་ཏེ་ངེས་པར་དུ་བཅོས་དགོས་ན་ཧ་ཡང་གི་ཁ་གཅོད་རྒྱག་མི་ཉན་པར་དཀྲུག་དཀྲུག་ཡང་སེ་བྱེད་ཅིང་ཚོས་རྗེས་ལམ་སེང་ཕྱིར་བཏོན་དགོས་པ་དང་སྟེར་ཚད་ལ་གཞིགས་ནས་མང་ཉུང་བཙོ་དགོས། ༣.ཕག་པར་པད་ཚལ་གྱི་དུག་ཕོག་པ་ཤེས་འཕྲལ་གཤམ་གསལ་གྱི་བྱ་ཐབས་སྤེལ་ནས་མྱུར་སྐྱོབ་བྱེད་དགོས་པ་སྟེ། 1.སྔོན་ལ་རྣ་ཅོག་དང་གཞུག་རྩའི་ཁྲག་གློད་པ་དང་ཡང་བསྐྱར་སྡོད་རྩར་མའེ་ལན་བཞུར་ཁུ་2%ལུས་པོའི་ལྗིད་ཚད་ཆན་ཁེ་རེར་ཧའོ་ཧྲེང་0.1-0.2ཁབ་རྒྱག་དགོས་པ་དང་ཆུ་ཚོད་གཉིས་ཕྱིན་རྗེས་ཡང་བསྐྱར་ཁབ་ཐེངས་1རྒྱག་དགོས། 2.སྲན་ལྗང་དང་ཀན་རྩྭ་སོ་སོར་ཁེ་30ཆུས་སྐོལ་རྗེས་ཉིན་རེར་ཐེངས་1སྟེར་དགོས།